མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཨུ་རུ་སི་གྲོས་ཁང་གི་ཀྲུའུ་ཞི་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-29 11:13

03.jpg

  སྤྱི་ཟླ༥བའི་ཚེས༢༧ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུ་རུ་སི་རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་ན་ལོས་ཧྲི་ཅིན་ལ་མཇལ་འཕྲད་གནང་། 

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ5བའི་ཚེས27ཉིན་གྱི་སྔ་དྲོ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུ་རུ་སི་རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་ན་ལོས་ཧྲི་ཅིན་ལ་མཇལ་འཕྲད་གནང་།

   ཞི་ཅིན་ཕེན་གྱིས་ཐོག་མར་ན་ལོས་ཧྲི་ཅིན་བརྒྱུད་དེ་ཙུང་ཐུང་ཕུའུ་ཅིན་ལ་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས། ཁོང་གིས་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བའི་ཆུ་ཚད་མཐོན་པོ་དང་དམིགས་བསལ་རང་བཞིན་དེ་ཕྱོགས་གཉིས་ཀས་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་སྣང་ཆེན་པོ་བྱེད་པའི་གནད་དོན་ཐད་ནས་ཕན་ཚུན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པའི་སྟེང་ནས་མཚོན་ཡོད། རེ་བ་ལ་ཕྱོགས་གཉིས་ཀས་གནས་བབ་ཀྱི་འཕེལ་འགྱུར་ལྟར། ཕན་ཚུན་ལ་མཐའ་གཅིག་ཏུ་སྔར་ལས་རྒྱབ་སྐྱོར་བྱེད་དགོས་ཞེས་གསུངས།

  ཞི་ཅིན་ཕེན་གྱིས་ཀྲུང་གོ་དང་ཨུ་རུ་སིའི་ཕན་ཚུན་གྱི་ཆབ་སྲིད་ཡིད་ཆེས་མཐོན་པོས་རྒྱལ་ཁབ་གཉིས་ཀའི་ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་ལ་རྨང་གཞི་བཟང་བོ་བཏིངས། ཀྲུང་གོ་དང་ཨུ་རུ་སིའི་ཁྱབ་ཁོངས་ཁག་གི་མཉམ་ལས་སྒོ་ཀུན་ནས་རྒྱ་བསྐྱེད་རྒྱུ་དེ་ད་ལྟའི་དུས་ཀྱི་འཕེལ་ཕྱོགས་ལ་འཚམ་པ་དང་། རྒྱལ་ཁབ་གཉིས་ཀ་མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་དགོས་མཁོ་དང་། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་རེ་སྒུག་ལ་མཐུན་པ་རེད། རེ་བ་ལ་ཕྱོགས་གཉིས་ཀས་མུ་མཐུད་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཨུ་རུ་སིའི་ཆུ་ཚད་མཐོན་པོའི་ཆབ་སྲིད་འབྲེལ་བའི་ཁྱད་སྟོབས་བེད་སྤྱོད་བཟང་བོ་བྱེད་པ་དང་། ཕྱོགས་གཉིས་ཀའི་ཏང་ཁག་སོ་སོའི་བར་བརྗེ་རེས་དང་མཉམ་ལས་ཟབ་མོ་བྱེད་པ། གྲོས་ཁ་འཆམ་པའི་ཐུན་མོང་གི་ལྟ་བ་ཧུར་ཐག་གིས་དངོས་འབེབས་བྱས་ཏེ། ཁྱབ་ཁོངས་ཁག་གི་མཉམ་ལས་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་ཡར་སྐུལ་དང་། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཞེས་གསུངས།

  ན་ལོས་ཧྲི་ཅིན་གྱིས་ཙུང་ཐུང་ཕུའུ་ཅིན་གྱིས་ཀྲུའུ་ཞི་ཞི་ཅིན་ཕེན་ལ་བརྩེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས་པ་བརྒྱུད་སྒྲོག་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག