མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཝང་ཆི་ཧྲན་གྱིས་ཁོངས་མིའི་འཛིན་བྱང་མེད་པར་གཏོང་བའི་བྱ་འགུལ་བཟང་བོར་བསྒྲུབ་དགོས་པ་ནན་གྱིས་བསྟན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-29 11:13

01.jpg

   ཝང་ཆི་ཧྲན་གྱིས་རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ཁོངས་གཏོགས་ཀྱིས་ཁོངས་མིའི་འཛིན་བྱང་ཆེད་དོན་བྱ་འགུལ་གྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་སྟེང་ཁོངས་མིའི་འཛིན་བྱང་མེད་པར་གཏོང་བའི་བྱ་བ་བཟང་བོར་བསྒྲུབ་ནས་གཏན་འཁེལ་བརྒྱད་ཀྱི་གྲུབ་འབྲས་དངོས་འབེབས་དང་སྲ་བརྟན་དུ་གཏོང་དགོས་པ་ནན་གྱིས་བསྟན།

02.jpg

  སྤྱི་ཟླ༥བའི་ཚེས༢༧ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིངས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན་པེ་ཅིན་ནས་རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ཁོངས་གཏོགས་ཀྱིས་ཁོངས་མིའི་འཛིན་བྱང་མེད་པར་གཏོང་བའི་ཆེད་དོན་བྱ་འགུལ་གྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་སུ་ཞུགས་ནས་གསུངས་བཤད་གལ་ཆེན་གནང་བ།

03.jpg

  སྤྱི་ཟླ༥བའི་ཚེས༢༧ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིངས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན་པེ་ཅིན་ནས་རྒྱལ་ཡོངས་སྒྲིག་ཁརིམས་ཞིབ་བཤེར་ལྟ་སྐུལ་ཁོངས་གཏོགས་ཀྱིས་ཁོངས་མིའི་འཛིན་བྱང་མེད་པར་གཏོང་བའི་ཆེད་དོན་བྱ་འགུལ་གྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་སུ་ཞུགས་ནས་གསུངས་བཤད་གལ་ཆེན་གནང་བ།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན་སྤྱི་ཟླ5བའི་ཚེས27ཉིན་རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་དོ་དམ་ཁོངས་གཏོགས་ཀྱིས་ཁོངས་མིའི་འཛིན་བྱང་མེད་པར་གཏོང་བའི་ཆེད་དོན་བྱ་འགུལ་གྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་སྟེང་གསུངས་བཤད་གལ་ཆེན་གནང་། ཁོང་གིས་གསུངས་རྒྱུར། རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ཁོངས་གཏོགས་ཀྱིས་གཏིང་ཟབ་པའི་སྒོ་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དངོས་འབེབས་བྱས་ནས། ཁོངས་མིའི་འཛིན་བྱང་མེད་པར་གཏོང་བའི་བྱ་འགུལ་གཟབ་ནན་སྒོས་སྤེལ་ཏེ་རང་ཉིད་སྤྱོད་གཙང་དང་གཏན་འཁེལ་བརྒྱད་ཀྱི་གྲུབ་འབྲས་ལག་བསྟར་དང་སྲ་བརྟན་དུ་བཏང་ནས་སྤྱོད་གཙང་གི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པར་འབད་བརྩོན་བྱེད་དགོས་པ་དང་། ཐེངས་འདིའི་བྱ་འགུལ་སྤེལ་བ་བརྒྱུད་དེ་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ལ་དྲན་སྐུལ་གྱི་ཅོང་བརྡ་ཞིག་བརྒྱབ་ནས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་དོ་དམ་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བ་རྣམས་ཀྱིས་ངེས་པ་དོན་གྱི་བྱ་སྤྱོད་ཀྱིས་གཏན་འཁེལ་བརྒྱད་ལག་བསྟར་དང་དངོས་འབེབས་བྱེད་པ་མཚོན་པར་བྱེད་དགོས་ཞེས་གསུངས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག