མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཀྲུང་གོ་དང་འཇར་མན་བཟོ་ཚོང་ལས་རིགས་ཀྱི་གུང་ཚིགས་གསོལ་སྟོན་ཚོགས་འདུའི་སྟེང་ཀྲུང་གོ་དང་མཇར་མན་གཉིས་ཀྱིས་ཕན་ཚུན་ལ་བརྩི་འཇོག་དང་རྒྱུས་ལོན་བྱེད་པའི་རྨང་གཞིའི་སྟེང་འོད་སྟོང་འབར་བའི་གྲུབ་འབྲས་གསར་བ་བསྐྲུན་དགོས་ཞེས་གསུངས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-29 11:13

0.jpg

  སྤྱི་ཟླ༥བའི་ཚེས༢༧ཉིན། ཀྲུང་གོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་པོ་ལིན་ནས་ཀྲུང་གོ་དང་འཇར་མན་བཟོ་ཚོང་ལས་རིགས་ཀྱི་གུང་ཚིགས་གསོལ་སྟོན་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་བ།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྤྱི་ཟླ5བའི་ཚེས27ཉིན་པོ་ལིན་ནས་ཀྲུང་གོ་དང་འཇར་མན་བཟོ་ཚོང་ལས་རིགས་ཀྱི་གུང་ཚིགས་གསོལ་སྟོན་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་སྟེ། ཀྲུང་གོའི་དཔལ་འབྱོར་གནས་བབ་དང་ཀྲུང་གོའི་སྐབས་གསར་བའི་སྲིད་གཞུང་གི་དཔལ་འབྱོར་སྲིད་ཇུས་མཚམས་སྦྱོར་མཛད་ནས། ཀྲུང་གོ་དང་འཇར་མན་བར་དང་། ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་འདོད་བློ་གསར་བ་བཏོན།

  ལིས་ཁི་ཆང་གིས་གསུངས་རྒྱུར། ཐེངས་འདིར་འཇར་མན་ལ་འཚམས་འདྲིར་ཕེབས་པ་ནི་ང་རང་ཀྲུང་གོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འགན་འཁུར་རྗེས་ཡོ་རོབ་གླིང་གི་རྒྱལ་ཁབ་ལ་ཐེངས་དང་པོར་འཚམས་འདྲིར་ཡོང་བ་ཡིན། དེ་ལས་ཀྲུང་གོས་ཀྲུང་གོ་དང་འཇར་མན་བར་གྱི་འབྲེལ་བ་དང་ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་མཉམ་ལས་ལ་ཧ་ཅང་མཐོང་ཆེན་བྱས་པ་མཚོན་ཡོད། ང་རང་མཉམ་ལས་དང་སྒོ་འབྱེད་ཀྱི་དོན་དུ་ཡོང་བ་ཡིན། ཉིན་གཉིས་ཀྱི་རིང་ལ། ངས་འཇར་མན་གྱི་མགོ་ཁྲིད་པ་དང་མཛའ་མཐུན་དང་ཟོལ་མེད་ཀྱི་སྒོ་ནས་གྲོས་མོལ་བྱས་པ་དང་། ཁེ་ལས་ལས་རིགས་ཀྱི་འཐུས་མི་དང་ཡོངས་ཁྱབ་ཏུ་བརྗེ་རེས་ཟབ་མོ་བྱས་ཏེ། ཀྲུང་གོ་དང་འཇར་མན་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བའི་ཐད་ལ་ཐུན་མོང་གི་ལྟ་བ་གསར་བ་བཞག་པ་དང་གྲུབ་འབྲས་ཕུན་སུམ་ཚོགས་པ་བླངས་ཡོད་ཟེར།

  འཇར་མན་ཀྱི་ཙུང་ལི་གཞོན་པ་ཞོར་དུ་དཔལ་འབྱོར་པུའུ་ཀྲང་གི་འགན་འཁུར་མཁན་ལི་སི་ལི་ཨར་དང་ཀྲུང་གོ་དང་འཇར་མན་གྱི་དཔལ་འབྱོར་བློ་འདོན་ཨུ་ཡོན་ལྷན་ཁང་གི་འཇར་མན་ཕྱོགས་ཀྱི་ཀྲུའུ་ཞི་ཞི་མིན་ཙི་ཡི་ཙུང་ཚེ་ལའོ་ཞུའུ་ཏི། ཀྲུང་གོ་དང་འཇར་མན་བཟོ་ཚོང་ལས་རིགས་ཀྱི་མི་སྣའི་འཐུས་མི་སོགས་བསྡོམས་པས་མི་ལྔ་བརྒྱ་ལྷག་གུང་ཚིགས་གསོལ་སྟོན་ཚོགས་འདུར་ཞུགས།

  ལི་སི་ལི་ཨར་གྱིས་ཞུ་ཚིག་ཕུལ་སྐབས་བསྟན་དོན། ཀྲུང་གོའི་མགྱོགས་མྱུར་འཕེལ་རྒྱས་ཀྱིས་འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་དང་ཀྲུང་གོ་དང་འཇར་མན་གྱི་མཉམ་ལས་ལ་ཡར་སྐུལ་གྱི་ནུས་པ་ཐོན་པ་དང་། འཇར་མན་དང་ཀྲུང་གོ་ནི་གྲོགས་པོ་བཟང་བོ་ཡིན་ལ། རང་དབང་ཉོ་ཚོང་དང་ཚོང་རའི་སྒོ་འབྱེད་ཀྱི་འདོད་བློ་བཏོན་ཡོད་། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་སྔར་ལས་ལྷག་པའི་སྒོ་ནས་མཉམ་ལས་རྒྱ་བསྐྱེད་དེ། མཉམ་དུ་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱས་ནས་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག