མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པོ་ལིན་བཞུགས་ཤག་གི་མགྲོན་ཁང་ནས་འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་གི་ཀྲུའུ་ཞི་ཅ་པུའུ་ལིས་ཨར་དང་ཙུང་ལིས་རྗེས་སྣོན་འདེམ་བསྐོ་མི་སྣ་ཧྲི་ཐེ་དབྱིན་པུའུ་ལོས་ཁི་གཉིས་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-29 11:12

111.jpg

     རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྤྱི་ཟླ༥བའི་ཚེས༢༧ཉིན་པོ་ལིན་བཞུགས་ཤག་གི་མགྲོན་ཁང་ནས་འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་གི་ཀྲུའུ་ཞི་ཅ་པུའུ་ལི་ཨར་དང་ཙུང་ལིས་རྗེས་སྣོན་འདེམ་བསྐོ་མི་སྣ་ཧྲི་ཐེ་དབྱིན་པུའུ་ལོས་ཁི་གཉིས་ལ་མཇལ་འཕྲད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྤྱི་ཟླ5བའི་ཚེས27ཉིན་པོ་ལིན་བཞུགས་ཤག་གི་མགྲོན་ཁང་ནས་འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་གི་ཀྲུའུ་ཞི་ཅ་པུའུ་ལིས་ཨར་དང་ཙུང་ལིས་རྗེས་སྣོན་འདེམ་བསྐོ་མི་སྣ་ཧྲི་ཐེ་དབྱིན་པུའུ་ལོས་ཁི་གཉིས་ལ་མཇལ་འཕྲད་གནང་།

  ལིས་ཁི་ཆང་གིས་ཐོག་མར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་བྱམས་བརྩེ་ངང་འཚམས་འདྲི་མཛད་པ་བརྒྱུད་བསྒྲགས་མཛད་པ་མ་ཟད་འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་བཙུགས་ནས་ལོ་འཁོར150ལོན་པར་རྟེན་འབྲེལ་ཞུས། ལིས་ཁི་ཆང་གིས་གསུང་རྒྱུར། སྤྱི་ཚོགས་དམངས་གཙོ་ཏང་གིས་ལོ་རྒྱུས་སྟེང་ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་དང་ཡར་སྐུལ་གཏོང་བར་བྱས་རྗེས་བཞག་པ་དང་། ཏང་གཉིས་དང་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བཏང་། ཀྲུང་གོ་ཕྱོགས་ཀྱིས་ཁྱེད་ཏང་དང་འགྲོ་འོང་ཇེ་ཟབ་དུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་ནང་སྒོས་སུ་ན་གཞོན་བར་རྒྱུས་ལོན་དང་མཛའ་བཤེས་ཇེ་ཟབ་དུ་གཏོང་བ། མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་མདུན་དུ་བསྐྱོད་པ་དང་འཕེལ་རྒྱས་སུ་གཏོང་བར་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་འཇར་མན་བར་གྱི་འབྲེལ་བའི་ཐད་མཛེས་སྡུག་གི་མ་འོངས་བ་གསར་བསྐྲུན་བྱེད་འདོད་ཡོད་ཟེར།

  ཅ་པུའུ་ལིས་ཨར་དང་ཧྲི་ཐེ་དབྱིན་པུའུ་ལོས་ཁི་གཉིས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གིས་སྤྱི་ཚོགས་དམངས་གཙོ་ཏང་བཙུགས་ནས་ལོ་འཁོར150ལོན་པར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་ཡོང་བར་བཀའ་དྲིན་ཞུས་པ་མ་ཟད། ཀྲུའུ་ཞི་ཞི་ཅིན་ཕེན་ལ་འཚམས་འདྲི་མཛད་པ་བརྒྱུད་སྒྲོག་བྱེད་རོགས་ཞུས་ཤིང་། ཙུང་ལི་ལིས་ཁི་ཆང་ཐོག་དང་པོར་འཇར་མན་ལ་འཚམས་འདྲི་མཛད་པར་འཇར་མན་ཕྱོགས་ཀྱིས་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། སྤྱི་ཚོགས་དམངས་གཙོ་ཏང་གིས་ཐོག་མཐའ་བར་གསུམ་དུ་འཇར་མན་དང་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཤུགས་སྣོན་བཞིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་དང་མཉམ་དུ་ཕན་ཚུན་འགྲོ་འོང་བྱེད་པར་ཤུགས་བསྣན་ནས། ཆབ་སྲིད་དང་དཔལ་འབྱོར། ས་གནས་སོགས་ཁྱབ་ཁོངས་ཐད་ནས་བརྗེ་རེས་དང་མཉམ་ལས་བྱེད་པ་རྒྱ་བསྐྱེད་དེ། ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་སྐུལ་བྱེད་པར་སྔར་ལས་གྲུབ་འབྲས་ཆེན་པོ་ལེན་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག