མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་སེང་ག་ལའི་ཙུང་ཐུང་ལ་ཅ་ཕ་ཁི་ས་དང་གླེང་མོལ་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-29 11:12

03.jpg

  སྤྱི་ཟླ༥བའི་ཚེས༢༨ཉིན། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་སེང་ག་ལའི་ཙུང་ཐུང་ལ་ཅ་ཕ་ཁི་ས་དང་གླེང་མོལ་མཛད།

 04.jpg

   སྤྱི་ཟླ༥བའི་ཚེས༢༨ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཛད་སྒོ་བསྡུས་ཏེ། སེང་ག་ལའི་ཙུང་ཐུང་ལ་ཅ་ཕ་ཁི་ས་ཀྲུང་གོར་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས།
  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ5བའི་ཚེས28ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་སེང་ག་ལའི་ཙུང་ཐུང་ལ་ཅ་ཕ་ཁི་ས་དང་གླེང་མོལ་མཛད། 

  རྒྱལ་ཁབ་གཉིས་ཀའི་མགོ་གཙོས་ཀྲུང་གོ་དང་སེང་ག་ལའི་འབྲེལ་བའི་རིམ་པ་དེ་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་ཇེ་མཐོར་བཏང་ནས། ཐུན་མོང་གི་འཕེལ་རྒྱས་སྙེག་པ་དང་། རྒྱལ་ཁབ་གཉིས་ཀའི་མི་དམང་ལ་བདེ་སྐྱིད་བསྐྲུན་རྒྱུ་ཐག་བཅད།

  ཞི་ཅིན་ཕེན་གྱིས་ཀྲུང་གོ་དང་སེང་ག་ལ་ནི་སྲོལ་རྒྱུན་གྱི་ཁྱིམ་མཚེས་བཟང་བོ་ཡིན་པ་དང་། ཕན་ཚུན་བར་འབྲེལ་བ་བཙུགས་ཏེ་དུས་རབས་ཕྱེད་ཀ་ལྷག་གི་རིང་ལ། རྒྱལ་ཁབ་གཉིས་ཀའི་མགོ་ཁྲིད་པ་རིམ་བྱུང་གི་ཐུགས་ཁུར་དང་ཡར་སྐུལ། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་མཛུབ་སྟོན་འོག ཕྱོགས་གཉིས་ཀས་ཕན་ཚུན་ལ་རོགས་རམ་དང་། གཉིས་ཕན་མཉམ་ལས་བྱས་ཏེ། མི་དམངས་བར་གྱི་བརྩེ་བ་ཇེ་ཟབ་ཏུ་གྱུར། དོན་དངོས་ལས་ཀྲུང་གོ་དང་སེང་ག་ལ་རྒྱལ་ཁབ་གཉིས་ནི་ཕན་ཚུན་ཡིད་ཆེས་པའི་གྲོགས་པོ་བཟང་བོ་ཡིན་པ་ར་སྤྲོད་བྱུང་ཡོད་ཅེས་བསྟན། 

  ཞི་ཅིན་ཕེན་གྱིས་རྒྱལ་སྤྱིའི་གནས་བབ་དེ་ད་ལྟ་རྙིང་འཛིང་དང་འགྱུར་ལྡོག་མང་བའི་ཕྱོགས་སུ་འགྱུར་བཞིན་ཡོད་པ་དང་། གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་སྐོར་ཞིག་མྱུར་དུ་འཕེལ་རྒྱས་འབྱུང་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སེང་ག་ལ་ཕྱོགས་དང་ལྷན་དུ། མཛའ་བརྩེ་རྒྱུན་འཛིན་དང་ཕན་ཚུན་ལ་རྒྱབ་སྐྱོར། གཉིས་ཕན་མཉམ་ལས། མཉམ་དུ་འཕེལ་རྒྱས་སུ་བཏང་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་བསྟན། 

  གྲོས་མོལ་གྱི་རྗེས་སུ། རྒྱལ་ཁབ་གཉིས་ཀའི་མགོ་གཙོ་མཉམ་ལས་ཡིག་ཆ་མང་པོའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས། 

  རྒྱལ་ཁབ་གཉིས་ཀས«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སེང་ག་ལ་དམངས་གཙོ་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་སྤྱི་བསྒྲགས»སྤེལ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག