མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཨ་མེ་རི་ཁའི་ལོ་སན་ཅི་གྲོང་ཁྱེར་གྱི་མགོ་གཙོ་ཝེ་ལ་ལེ་ཀི་སཱ་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-29 11:11

05.jpg

  སྤྱི་ཟླ༥བའི་ཚེས༢༨ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རི་ཁའི་ལོ་སན་ཅི་གྲོང་ཁྱེར་གྱི་མགོ་གཙོ་ཝེ་ལ་ལེ་ཀི་སཱ་ལ་མཇལ་འཕྲད་གནང་། 
  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ5བའི་ཚེས28ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རི་ཁའི་ལོ་སན་ཅི་གྲོང་ཁྱེར་གྱི་མགོ་གཙོ་ཝེ་ལ་ལེ་ཀི་སཱ་ལ་མཇལ་འཕྲད་གནང་། 

  ཞི་ཅིན་ཕེན་གྱིས་ངས་ན་ནིང་ལོ་སན་ཅི་གྲོང་ཁྱེར་དུ་འཚམས་འདྲི་བྱེད་སྐབས། ལོ་སན་ཅིའི་མི་དམངས་ཀྱིས་བརྩེ་བ་ཆེན་པོས་སྣ་ལེན་བྱས་པ་དེས། ང་ལ་བག་ཆགས་ཟབ་མོ་བཞག ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་དེ་ད་ལྟ་སྔར་སོང་རྒྱུན་འཛིན་དང་མ་འོངས་གསར་གཏོད་བྱེད་པའི་དུས་སྐབས་གལ་ཆེན་ཞིག་ཏུ་སླེབ་ཡོད། ད་ལོའི་ཟླ་གསུམ་པར་ངས་ཙུང་ཐུང་ཨོ་པ་མ་ལ་ཁ་པར་བཏང་ནས། ཕྱོགས་གཉིས་ཀས་ཀྲུང་གོ་དང་ཨ་མེ་རི་ཁའི་མཉམ་ལས་གྲོགས་པོའི་འབྲེལ་བ་འཛུགས་པར་མཉམ་དུ་བརྩོན་ལེན་བྱས་ཏེ། ཧུར་ཐག་གིས་རྒྱལ་ཁབ་ཆེན་པོའི་བར་གྱི་འབྲེལ་བ་གསར་བ་འཛུགས་རྒྱུ་ཡིན་པ་བསྐྱར་བསྒྲགས་བྱས་ཞེས་བསྟན།

  ཞི་ཅིན་ཕེན་གྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་གོང་འཕེལ་དུ་གཏོང་ན། གོང་རིམ་ནས་འོག་རིམ་བརྒྱུད་དེ། མཐོ་རིམ་ཇུས་འགོད་ལ་ཤུགས་སྣོན་དགོས། ཟླ་དྲུག་པའི་ཟླ་སྟོད་དུ་ངས་ཅ་ལིས་ཧྥུའུ་ཉི་ཡ་ཀྲིག་ནས་ཙུང་ཐུང་ཨོ་པ་མཱ་ལ་ཐུག་འཕྲད་བྱས་ཏེ། ཀྲུང་གོ་དང་ཨ་མེ་རི་ཁའི་འབྱུང་འགྱུར་འཕེལ་རྒྱས་ལ་འཆར་འགོད་བྱེད་རྒྱུ་ཡིན་ཞེས་ནན་གྱིས་བསྟན། 

  ཞི་ཅིན་ཕེན་གྱིས་ཕྱོགས་གཉིས་ཀས་ས་གནས་དང་དམངས་ཁྲོད། གཞི་རིམ་བཅས་ནས་མགོ་བཟུང་སྟེ། ས་གནས་ཀྱི་ཁྱད་སྟོབས་འདོན་སྤེལ་དང་། ཁྱད་སྟོབས་ཁ་གསབ་བྱེད་པ། ངེས་པ་དོན་གྱིས་མཉམ་ལས་ལ་བརྟེན་ནས། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་སྤྱི་ཚོགས་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་ཞེས་བསྟན་པར་མ་ཟད། ཝེ་ལ་ལེད་ཀི་སཱ་ཡིས་ཀྲུང་གོ་དང་ཨ་མེ་རི་ཁའི་ས་གནས་བརྗེ་རེས་དང་མཉམ་ལས་ཐད་བརྩོན་པ་བྱས་པར་བསྔགས་བརྗོད་མཛད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག