མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་པོ་ལིན་དུ་འབྱོར་ཏེ་འཇར་མན་རྒྱལ་ཁབ་ཏུ་དངོས་གཞིའི་འཚམས་འདྲི་མཛད་མགོ་བརྩམས་པ།

རྩོམ་པ་པོ། ལོ་ཙཱ་བ། ཀླུ་འབུམ་བྱམས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-26 10:54

01.jpg

    ཟླ་ལྔ་བའི་ཚེས་ཉེར་ལྔ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཆེད་བཏང་གནམ་གྲུར་བཞུགས་ཏེ་པོ་ལིན་དུ་འབྱོར་ཏེ། འཇར་མན་རྒྱལ་ཁབ་ཏུ་དངོས་གཞིའི་འཚམས་འདྲི་མཛད་མགོ་བརྩམས།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ས་དེའི་ཟླ་ལྔ་བའི་ཚེས་ཉེར་ལྔ་ཉིན་གྱི་ཕྱི་དྲོར་ཆེད་བཏང་གནམ་གྲུར་བཞུགས་ཏེ་པོ་ལིན་གྲོང་ཁྱེར་གྱི་ཐེ་ཀི་ཨེར་དམག་སྤྱོད་གནམ་གྲུ་ཐང་ལ་འབྱོར་ཏེ། འཇར་མན་རྒྱལ་ཁབ་ཏུ་དངོས་གཞིའི་འཚམས་འདྲི་མཛད་མགོ་བརྩམས།

    ལིས་ཁི་ཆང་གིས་གནམ་གྲུ་ཐང་ནས་ཡིག་ཐོག་གསུང་བཤད་གནང་ནས། འཇར་མན་མི་དམངས་ལ་ཀྲུང་གོའི་མི་དམངས་ཀྱི་སྙིང་ཉེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་བརྒྱུད་བསྒྲགས་བྱས། ཁོང་གིས་འཇར་མན་ནི་ངས་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འགན་འཁུར་རྗེས་འཚམས་འདྲི་བྱེད་པའི་ཡོ་རོབ་གླིང་གི་རྒྱལ་ཁབ་ཐོག་མ་ཡིན་ལ། དེ་ལས་ཀྲུང་གོའི་སྐབས་གསར་བའི་སྲིད་གཞུང་གིས་ཀྲུང་གོ་དང་འཇར་མན་བར་དང་། ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་འབྲེལ་བ་གོང་དུ་སྤེལ་བར་གཙིགས་འཛིན་བྱེད་ཀྱིན་ཡོད་པ་མཚོན་ཡོད། ཀྲུང་གོ་དང་འཇར་མན་གཉིས་ནི་འཛམ་གླིང་སྟེང་ཤུགས་རྐྱེན་གལ་ཆེན་ལྡན་པའི་རྒྱལ་ཁབ་ཡིན་པ་དང་། འཇར་མན་བར་མཛའ་མཐུན་མཉམ་ལས་བྱེད་རྒྱུ་ནི་ཀྲུང་གོ་ཕྱོགས་ཀྱི་འཐབ་ཇུས་གདམ་གསེས་དང་ཡུན་རིང་གི་སྲིད་ཇུས་ཡིན། ང་ཚོས་འཇར་མན་ཕྱོགས་དང་ལྷན་དུ་འབད་བརྩོན་བྱས་ཏེ། ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ་དང་། ཕན་ཚུན་གྱི་ཡིད་ཆེས་ཇེ་ཆེར་གཏོང་བ། མཉམ་ལས་རྒྱ་བསྐྱེད་པ། རྒྱལ་སྤྱི་དང་ས་ཁུལ་ལས་དོན་ཁྲོད་ཀྱི་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། ཀྲུང་གོ་དང་འཇར་མན་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་གོང་དུ་སྤེལ་བར་ཡར་སྐུལ་གཏོང་བ་དང་མཉམ་དུ། ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་འབྲེལ་བ་གོང་དུ་སྤེལ་བར་བྱས་རྗེས་འཇོག་འདོད་ཡོད་ཅེས་གསུངས།

    འཇར་མན་དུ་འབྱོར་སྐབས། འཇར་མན་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་དང་འཇར་མན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཧྲི་མེན་ཏི་སོགས་ཀྱིས་གནམ་གྲུ་ཐང་ནས་བསུ་བ་བྱས།

    ལིས་ཁི་ཆང་ནི་སུའེ་ཙེར་རྒྱལ་ཁབ་དངོས་གཞིས་འཚམས་འདྲི་མཇུག་རྫོགས་རྗེས་འཇར་མན་དུ་ཕེབས་པ་ཡིན་ལ། སུའུ་ལིས་ཧྲི་གནམ་གྲུ་ཐང་ནས་ཁ་གྱེས་སྐབས། སུའེ་ཙེར་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་དང་སུའེ་ཙེར་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཞུའུ་ཅིན་ཧུའུ་སོགས་གནམ་གྲུ་ཐང་ལ་ཡོང་ནས་སྐྱེལ་མ་བྱས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག