མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་ཀྲུང་གོར་སྡོད་པའི་གཞུང་ཚབ་ཚོགས་པའི་ཧྥེ་གླིང་གཅིག་གྱུར་རྩ་འཛུགས་བཙུགས་ཏེ་ལོ་ལྔ་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུར་ཞུགས་པ།

རྩོམ་པ་པོ། ལོ་ཙཱ་བ། ཀླུ་འབུམ་བྱམས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-26 10:54

02.jpg

    ཟླ་ལྔ་བའི་ཚེས་ཉེར་ལྔ་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་ཀྲུང་གོར་སྡོད་པའི་ཧྥེ་གླིང་གཞུང་ཚབ་ཚོགས་པས་པེ་ཅིན་ནས་བསྡུས་པའི་ཧྥེ་གླིང་གཅིག་གྱུར་རྩ་འཛུགས་བཙུགས་ཏེ་ལོ་ལྔ་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་སྣ་ལེན་ཚོགས་འདུར་ཞུགས་ཏེ་ཤིག་ཚིག་ཕུལ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་ཟླ་ལྔ་བའི་ཚེས་ཉེར་ལྔ་ཉིན་ཀྲུང་གོར་སྡོད་པའི་ཧྥེ་གླིང་གཞུང་ཚབ་ཚོགས་པས་པེ་ཅིན་ནས་བསྡུས་པའི་ཧྥེ་གླིང་གཅིག་གྱུར་རྩ་འཛུགས་བཙུགས་ཏེ་ལོ་ལྔ་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་སྣ་ལེན་ཚོགས་འདུར་ཞུགས་ཏེ་ཤིག་ཚིག་ཕུལ།

    ཀྲུང་ཏི་ཅང་གིས་ཤིས་ཚིག་འབུལ་སྐབས་ཧྥེ་གླིང་གི་རྒྱལ་ཁབ་དང་མི་དམངས་ལ་སྤྲོ་སེམས་འཕེལ་བའི་ངང་ནས་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་། ལོ་ལྔ་བཅུའི་རིང་ཧྥེ་གླིང་གཅིག་གྱུར་རྩ་འཛུགས་དང་ཧྥེ་གླིང་མནའ་འབྲེལ་གྱིས་སྔ་སྐྱོང་རྗེས་མཐུད་དང་རྡོག་རྩ་གཅིག་སྒྲིལ་གྱིས་ཧྥེ་གླིང་རྒྱལ་ཁབ་ཀྱི་སྣེ་ཁྲིད་དེ་བཅིངས་འགྲོལ་རང་བཙན་ཐོབ་པ་དང་འཕེལ་རྒྱས་བགྲོད་ལམ་བརྟན་འཇགས་ས་གཏོང་བའི་གཏོང་བའི་ཐད་ནས་གཟེངས་སུ་ཐོན་པའི་གྲུབ་འབྲས་བླངས་པར་བསྔགས་བརྗོད་བྱས། ཁོང་གིས་ཧྥེ་གླིང་གི་སྟོབས་ཤུགས་དེ་མཐུན་སྒྲིལ་མཉམ་ལས་ཀྱི་སྟེང་ནས་ཐོན་པ་ཡིན་ལ། ཧྥེ་གླིང་གི་ལས་དབང་དེ་མཉམ་འབྲེལ་སྟོབས་སྤེལ་ལ་སྦྲེལ་ཡོད་པས། ཧྥེ་གླིང་རྒྱལ་ཁབ་དང་མི་དམངས་ཀྱི་ཧྥེ་གླིང་གཅིག་གྱུར་རྩ་འཛུགས་བཙུགས་ཏེ་ལོ་ལྔ་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་གོ་སྐབས་དང་བསྟུན་ནས། ཧྥེ་གླིང་བསྐྱར་དར་གྱི་ལྟ་བ་གཅིག་བསྡུ་དང་། མཉམ་འབྲེལ་སྟོབས་སྤེལ་དང་། འཕེར་རྒྱས་དར་སྤེལ་གྱི་བགྲོད་ལམ་སྟེང་མུ་མཐུད་དུ་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་ཐུབ་པའི་སྨོན་འདུན་སྙིང་ནས་ཞུ་ཞེས་བསྟན།

    སྣེ་ལེན་ཚོགས་འདུའི་སྔོན་ལ། ཀྲུང་ཏི་ཅང་དང་ཏི་མེ་ཁི་གཉིས་ཀྱི་གླེང་མོལ་བྱས་ཏེ། ཕྱོགས་གཉིས་ཀས་ད་ལྟའི་ཀྲུང་གོ་དང་ཧྥེ་གླིང་། ཀྲུང་གོ་དང་ཧྥེ་གླིང་མནའ་འབྲེལ། ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡ་བཅས་ཀྱི་འབྲེལ་བ་གོང་དུ་འཕེལ་བར་གདེང་འཇོག་གང་ལེགས་བྱས་པ་དང་། མཉམ་དུ་འབད་བརྩོན་བྱས་ཏེ། ཕན་ཚུན་གྱི་མཛའ་མཐུན་མཉམ་ལས་འབྲེལ་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་འདོད་ཡོད་ཅེས་བསྟན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག