མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཧྥེ་གླིང་གཅིག་གྱུར་རྩ་འཛུགས་བཙུགས་ཏེ་ལོ་ལྔ་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཧྥེ་གླིང་མནའ་འབྲེལ་དམིགས་བསལ་མཐོ་རིམ་ཚོགས་འདུ་ཚོགས་པ་དང་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་རྟེན་འབྲེལ་ཤིས་ཚིག་ཕུལ་བ།

རྩོམ་པ་པོ། ལོ་ཙཱ་བ། ཀླུ་འབུམ་བྱམས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-26 10:54

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥེ་གླིང་གཅིག་གྱུར་རྩ་འཛུགས་བཙུགས་ཏེ་ལོ་ལྔ་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཧྥེ་གླིང་མནའ་འབྲེལ་གྱི་དམིགས་བསལ་མཐོ་རིམ་ཚོགས་འདུ་དེ་ཟླ་ལྔ་བའི་ཚེས་ཉེར་ལྔ་ཉིན་ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ས་སི་ཨ་པ་པ་ནས་ཚོགས། ཀྲུའུ་ཞི་ཅིན་ཕེན་གྱི་ཤིས་ཚིག་ཕུལ་ཏེ། ཧྥེ་གླིང་མནའ་འབྲེལ་དང་ཨེ་ཤ་ཡ་རྒྱལ་ཁབ་ཀྱི་མི་དམངས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།

    ཞི་ཅིན་ཕེན་གྱིས་ལོ་ལྔ་བཅུའི་སྔོན་གྱི་དེ་རིང་ནི་ཧྥེ་གླིང་གཅིག་གྱུར་རྩ་འཛུགས་བཙུགས་པ་ཁྱབ་བསྒྲགས་བྱས་པ་དང་། དེ་ནི་ཧྥེ་གླིང་འཕེལ་རྒྱས་ལོ་རྒྱུས་སྟེང་དུ་དུས་རབས་ལས་བརྒལ་བའི་དོན་སྙིང་ཆེན་པོ་ལྡན།

    ཧྥེ་གླིང་གཅིག་གྱུར་རྩ་འཛུགས་ཀྱིས་ཧྥེ་གླིང་མི་དམངས་ཀྱིས་བཙན་རྒྱལ་དང་མི་སེར་སྤེལ་བ། རིགས་རྒྱུད་རིང་ལུགས་བཅས་ལ་ངོ་རྒོལ་བྱེད་པའི་དྲང་བདེན་འཐབ་རྩོད་ལ་ཡར་སྐུལ་ཆེན་པོ་བཏང་བ་དང་། ཧྥེ་གླིང་སྐམ་སར་ཆབ་སྲིད་བཅིངས་འགྲོལ་ཐོབ་པར་བྱས་རྗེས་ཆེན་པོ་བཞག དུས་སྐབས་གསར་བར་བསླེབས་རྗེས། ཧྥེ་གླིང་མནའ་འབྲེལ་བཙུགས་ཏེ། ཧྥེ་གླིང་བསྐྱར་དར་འབྱུང་བར་ཡར་སྐུལ་གཏོང་བའི་ལོ་རྒྱུས་ཀྱི་ལས་འགན་ལྗིད་མོ་གཏན་ལ་ཕབ། ཉེ་བའི་ལོ་འགར། ཧྥེ་གླིང་མནའ་འབྲེལ་གྱིས་ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས། བརྟན་འཇགས་བཅས་ཧུར་ཐག་གིས་སྲུང་སྐྱོང་བྱས་པ་དང་། ཧྥེ་གླིང་གཞི་གཅིག་ཅན་དུ་བསྒྱུར་བའི་འཕེལ་རིམ་ཤུགས་ཆེན་གྱིས་དར་སྤེལ་བྱས་ཏེ། གྲུབ་འབྲས་འགངས་ཆེན་རབས་དང་རིམ་པ་བླངས་ཡོད་པ་དེ་ལ། ཀྲུང་གོ་སྲིད་གཞུང་དང་མི་དམངས་སྙིང་ཁོང་ནས་དགའ་སྤྲོ་སྐྱེས་ཡོད་ཅེས་བསྟན་པར་མ་ཟད། ཀྲུང་གོའི་ཕྱོགས་ཀྱིས་ཧྥེ་གླིང་མནའ་འབྲེལ་དང་ཧྥེ་གླིང་གི་ས་ཁོངས་ཕལ་བའི་རྩ་འཛུགས་བར་མུ་མཐུད་དུ་མཉམ་ལས་ཟབ་མོ་བྱེད་རྒྱུ་དང་། ཧྥེ་གླིང་གིས་ས་ཁུལ་མཉམ་ལས་ཁྲོད་དུ་ནུས་པ་གཙོ་བོ་འདོན་པར་རྒྱབ་སྐྱོབ་བྱེད་རྒྱུ་ལས་གཞན། ཧྥེ་གླིང་གི་རྒྱལ་ཁབ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཧྥེ་གླིང་གི་རྣམ་པ་གསར་བའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བར་ཡར་སྐུལ་བཏང་ནས། ཧྥེ་གླིང་གི་ཞི་བདེ་དང་འཕེལ་རྒྱས། དར་རྒྱས། བསྐྱར་དར་བཅས་ལ་བྱས་རྗེས་འཇོག་འདོད་ཡོད་ཅེས་ནན་གྱིས་བསྟན།

    ཀྲུའུ་ཞི་ཞི་ཅིན་ཕེན་གྱི་དམིགས་བསལ་འཐུས་ཚབ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་དབྱང་མཐོ་རིམ་ཚོགས་འདུར་ཞུགས་ཏེ་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་རྟེན་འབྲེལ་ཤིས་ཚིག་ཀློག་འདོན་བྱས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག