མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་མའོ་ལེ་ཨར་ལ་གྲོས་མོལ་མཛད་པ།

རྩོམ་པ་པོ། ལོ་ཙཱ། ཕྱུག་ལོ།  ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།  2013-05-25 12:01

ཟླ5པའི་ཚེས24ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པོ་ཨར་ཉི་ནས་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་མའོ་ལེ་ཨར་ལ་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས24ཉིན་པོ་ཨར་ཉི་ནས་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་མའོ་ལེ་ཨར་ལ་གྲོས་མོལ་མཛད་པ་དང་། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་སུའེ་ཙེར་གྱི་རང་དབང་ཉོ་ཚོང་ཆོད་དོན་གྱི་བཟོད་སྒོམ་བརྗེད་ཐོ་བཀོད་པ་མ་ཟད། དངུལ་ལོར་གྲོས་མོལ་སྒྲིག་སྲོལ་བཙུགས་པ་ཁྱབ་བསྒྲགས་བྱས།

ལིས་ཁི་ཆང་གིས་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་བརྩེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་བརྒྱུད་བསྒྲགས་མཚད། ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོས་ཀྲུང་གོ་དང་སུའེ་ཙེར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། སུའེ་ཙེར་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕན་ཚུན་ལ་བརྩི་བཀུར་བྱེད་པ་དང་འདྲ་མཉམ་གྱི་ལྟ་སྟངས་བཟུང་ནས་སུའེ་ཙེར་གྱིས་བདམས་པའི་འཕེལ་རྒྱས་བགྲོད་ལམ་ལ་བརྩི་བཀུར་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་གྲོགས་པོའི་ལྟ་སྟངས་བཟུང་ཚེ། ཀྲུང་གོ་དང་སུའེ་ཙེར་གྱི་འབྲེལ་བ་ཡུན་རིང་བོར་བདེ་བླག་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་ཐུབ་ཟེར།

ལིས་ཁི་ཆང་གིས་ཕྱོགས་གཉིས་ཀྱི་འབྲེལ་བ་གོང་འཕེལ་དུ་གཏོང་བར་གྲོས་གཞི་བཞི་བཏོན་པ་སྟེ། གཅིག་ནས་གོ་སྐབས་དམ་འཛིན་བྱས་ཏེ་དངུལ་གཏོང་ཉོ་ཚོང་གཞི་ཁྱོན་རྒྱ་ཇེ་ཆེ་དང་གྲུབ་ཚུལ་ཇེ་ལེགས་སུ་གཏོང་དགོས། གཉིས་ནས་དངུལ་ལོར་གྲོས་མོལ་གྱི་སྟེགས་བུ་གསར་བ་བཀོལ་སྤྱོད་བཟང་བོ་བྱེད་དགོས། གསུམ་ནས་མི་ཚུལ་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དགོས། བཞི་ནས་ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་གཞོགས་འདེགས་ལ་ཤུགས་སྣོན་དགོས་ཟེར།

མའོ་ལེ་ཨར་གྱིས་སུའེ་ཙེར་དང་ཀྲུང་གོའི་མཛའ་མཐུན་མཉམ་ལས་འབྲེལ་བའི་ལོ་རྒྱུས་རིང་བ་དང་རྨང་གཞི་བརྟན་ལ་མདུན་ལྗོངས་ཆེ། སུའེ་ཙེར་གྱིས་རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་ལས་སྔར་ལས་རྒྱ་བསྐྱེད་དེ་ཐུན་མོང་གི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་འདོད་ཡོད་ཅེས་བཤད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག