མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་གོ་ལིས་ཀྱིས་ཁོ་སི་ཐ་རེ་ཁ་མི་རིགས་བཅིངས་འགྲོལ་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-24 11:23

06.jpg

  སྤྱི་ཟླ5བའི་ཚེས23ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ལིས་ཀྱིས་པེ་ཅིན་ནས་ཏང་གི་ཀྲུའུ་ཞི་ཞི་མིན་ནེ་སི་ཡིས་ཁྲིད་པའི་ཁོ་སི་ཐ་རེ་ཁ་མི་རིགས་བཅིངས་འགྲོལ་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་། 
   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ལིས་ཀྱིས་སྤྱི་ཟླ5བའི་ཚེས23ཉིན་པེ་ཅིན་ནས་ཏང་གི་ཀྲུའུ་ཞི་ཞི་མིན་ནེ་སི་ཡིས་ཁྲིད་པའི་ཁོ་སི་ཐ་རེ་ཁ་མི་རིགས་བཅིངས་འགྲོལ་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

  ཀྲུང་གོ་ལིས་ཀྱིས་ཀྲུང་གོ་དང་ཁོ་སི་ཐ་རེ་ཁ་བར་འབྲེལ་བ་བཙུགས་པའི་ཚུན་ལ། ཕན་ཚུན་གྱི་འབྲེལ་བ་མྱུར་ཞིང་བརྟན་པོའི་ངང་འཕེལ་རྒྱས་བྱུང་སྟེ། མཐོ་རིམ་འགྲོ་འོང་ཇེ་མང་དང་། ཕན་ཚུན་གྱི་ཆབ་སྲིད་ཡིད་ཆེས་རྒྱུན་ཆད་མེད་པར་ཇེ་དྲག ཁྱབ་ཁོངས་ཁག་གི་བརྗེ་རེས་དང་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ། ཀྲུང་གོ་ཕྱོགས་ཀྱིས་ཁོ་སི་ཐ་རེ་ཁ་དང་ལྷན་དུ་ཀྲུང་གོ་དང་ཁོ་སི་ཐ་རེ་ཁའི་གཉིས་ཕན་མཉམ་ལས་ཕུན་ཚོགས་དང་འཐུས་ཚང་དུ་བཏང་ནས། རྒྱལ་ཁབ་གཉི་གའི་འབྲེལ་བ་ཇེ་བཟང་དུ་གཏོང་བར་ཡར་སྐུལ་གཏོང་འདོད་ཡོད་ཅེས་གསུངས་བར་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གིས་མི་རིགས་བཅིངས་འགྲོལ་ཏང་བར་གྱི་མཛའ་བརྩེ་འབྲེལ་བར་གཙིགས་འཛིན་བྱས་ཏེ། ཏང་ཁག་གཉིས་ཀྱི་ཁྱབ་ཁོངས་ཁག་གི་བརྗེ་རེས་དང་མཉམ་ལས་སྔར་ལས་ཇེ་བརྟན་དང་ཤུགས་སྣོན་འདོད་ཡོད་ཅེས་བསྟན།
  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་ཝང་ཅ་རོས་མཇལ་འཕྲད་ལ་ཞུགས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག