མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་སུའུ་ལིས་ཧྲི་གྲོང་ཁྱེར་ལ་འབྱོར་ཏེ་སུའེ་ཙེར་རྒྱལ་ཁབ་ཏུ་དངོས་གཞིའི་འཚམས་འདྲི་མཛད་མགོ་བརྩམས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-24 11:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་ཀྱི་ཀྲུའུ་ཞི་མའོ་ལོས་ཨེར་གྱིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ས་དེའི་དུས་ཚོད་ཀྱི་སྤྱི་ཟླ5བའི་ཚེས23གྱི་དགོང་མོར་ཆེད་བཏང་གནམ་གྲུར་བཞུགས་ཏེ་སུའུ་ལིས་ཧྲི་གནམ་གྲུ་ཐང་ལ་འབྱོར་ཏེ། སུའེ་ཙེར་རྒྱལ་ཁབ་ཏུ་དངོས་གཞིའི་འཚམས་འདྲི་མཛད་མགོ་བརྩམས། ལིས་ཁི་ཆང་གིས་གནམ་གྲུ་ཐང་ནས་ཡིག་ཐོག་གསུང་བཤད་སྤེལ་ཏེ། སུའེ་ཙེར་མི་དམངས་ལ་ཀྲུང་གོའི་མི་དམངས་ཀྱི་སྙིང་ཉེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་བརྒྱུད་སྒྲོག་མཛད། ཁོང་གིས་སུའེ་ཙེར་ནི་ཀྲུང་གོ་གསར་བའི་བར་འབྲེལ་བ་བཙུགས་པ་ཆེས་སྔ་བའི་ནུབ་ཕྱོགས་རྒྱལ་ཁབ་གྲས་ཀྱི་གཅིག་ཡིན་པ་ལས་གཞན། ཀྲུང་གོའི་ཡོ་རོབ་གླིང་གི་དཔལ་འབྱོར་དང་ལག་རྩལ། དངུལ་རྩ་བཅས་ཀྱི་མཉམ་ལས་གྲོགས་པོ་གལ་ཆེན་ཞིག་ཀྱང་ཡིན། ངས་ཀྲུང་གོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འགན་ཁུར་རྗེས་ཡོ་རོབ་གླིང་གི་འཚམས་འདྲི་དང་པོའི་ལམ་ཚིགས་ཐོག་མ་སུའེ་ཙེར་གདམས་པའི་རྒྱུ་མཚན་ནི། ཕྱོགས་གཉིས་ཀའི་མགོ་ཁྲིད་རིམ་པའི་འགྲོ་འོང་ལ་ཤུགས་བསྣན་ནས། གཉིས་ཕན་མཉམ་ལས་ཐད་ནས་གྲུབ་འབྲས་གསར་བ་ལེན་པ་དང་། རྒྱལ་ཁབ་གཉིས་ཀའི་མི་དམངས་བར་གྱི་རྒྱུས་ལོན་དང་བརྩེ་བ་ཇེ་ཟབ་ཏུ་གཏོང་བ། རྒྱལ་ཁབ་གཉི་གའི་མཛའ་མཐུན་འབྲེལ་བ་ཡུན་རིང་བོར་སྐྱོན་བྲལ་དང་བརྟན་པོའི་ངང་གོང་དུ་སྤེལ་བར་ཡར་སྐུལ་གཏོང་རྒྱུ་དེ་ཡིན་ཞེས་གསུངས། ལིས་ཁི་ཆང་སུའུ་ལིས་ཧྲི་གནམ་ཐང་དུ་འབྱོར་སྐབས། སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་ཀྱི་ཀྲུའུ་ཞི་གཞོན་པའི་ཞོར་དུ་ཕྱི་འབྲེལ་དཔོན་པོའི་འགན་ཁུར་མཁན་པའོ་ཁི་ཧཱ་ཨེར་ཐི་དང་སུའེ་ཙེར་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཞུའུ་ཅིན་ཧུའུ་སོགས་གནམ་གྲུ་ཐང་ལ་ཡོང་ནས་བསུ་བ་ཞུས། ལིས་ཁི་ཆང་ནི་ཕ་ཁི་སི་ཐན་དུ་དངོས་གཞིའི་འཚམས་འདྲི་མཛད་པ་མཇུག་རྫོགས་རྗེས་སུའེ་ཙེར་དུ་ཕེབས་པ་ཡིན་ལ། དབྱི་སི་ལན་པོ་དང་ཁ་གྱེས་སྐབས། ཕ་ཁི་སི་ཐན་གྱི་ཙུང་ཐུང་ཀྲ་ཨེར་ཏ་ལིས་དང་ཙུང་ལི་ཧོ་སུའུ། ཕ་ཁི་སི་ཐན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ལིག་ཅན་སོགས་གནམ་གྲུ་ཐང་དུ་ཡོང་ནས་ལིས་ཁི་ཆང་སོགས་ལ་སྐྱེལ་མ་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག