མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཕ་ཁི་སི་ཐན་གྲོས་ཞུགས་ཁང་གི་ཀྲུའུ་ཞི་པའོ་ཧཱ་ལི་དང་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་མུས་ཨེར་ཀྲ་གཉིས་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-24 11:22

05.jpg

  སྤྱི་ཟླ5བའི་ཚེས23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་དབྱི་སི་ལན་པོ་ནས་ཕ་ཁི་སི་ཐན་གྲོས་ཞུགས་ཁང་གི་ཀྲུའུ་ཞི་པོ་ཧཱ་ལི་དང་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་མུས་ཨེར་ཀྲ་གཉིས་ལ་མཇལ་འཕྲད་གནང་། 

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྤྱི་ཟླ5བའི་ཚེས23ཉིན་དབྱི་སི་ལན་པོ་ནས་ཕ་ཁི་སི་ཐན་གྲོས་ཞུགས་ཁང་གི་ཀྲུའུ་ཞི་པོ་ཧཱ་ལི་དང་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་མུས་ཨེར་ཀྲ་གཉིས་ལ་མཇལ་འཕྲད་གནང་།

  ལིས་ཁི་ཆང་གིས་ཐོག་མར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གཉིས་ཀྱི་བྱམས་བརྩེའི་འཚམས་འདྲི་བརྒྱུད་སྒྲོག་མཛད། ཁོང་གིས་ངས་ཙུང་ལིའི་འགན་ཁར་རྗེས་འཚམས་འདྲིའི་ས་ཚིགས་དང་པོ་ཕ་ཁི་སི་ཐན་བདམས་པ་དང་གདན་དྲངས་པ་ལྟར་གྲོས་ཁང་ནས་གསུང་བཤད་སྤེལ་བ་ནི། ཀྲུང་གོ་དང་ཕ་ཁི་སི་ཐན་བར་གྱི་དམིགས་བསལ་གྱི་བརྩེ་བ་མངོན་པ་དང་། ཀྲུང་གོས་བློ་རྩ་བརྟན་པོས་ཕ་ཁི་སི་ཐན་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པ་མཚོན་ཡོད། ཀྲུང་གོ་དང་ཕ་ཁི་སི་ཐན་ནི་ཕན་ཚུན་ཡིད་ཆེས་བ་དང་། ཕན་ཚུན་ལ་རྒྱབ་སྐྱོར། སྐྱིད་སྡུག་མཉམ་མྱོང་གི་གྲོགས་པོ་ཡིན་པས། ཀྲུང་གོ་སྲིད་གཞུང་གིས་དུས་ནམ་ཡང་ཕ་ཁི་སི་ཐན་བར་གྱི་འབྲེལ་བར་གཙིགས་འཛིན་བྱེད་རྒྱུ་དང་། ཕ་ཁི་སི་ཐན་དང་ལྷན་དུ་ཀྲུང་གོ་དང་ཕ་ཁི་སི་ཐན་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་ཇེ་བཟང་དུ་གཏོང་བར་ཡར་སྐུལ་བྱེད་འདོད་ཡོད་ཅེས་གསུངས།

  ལིས་ཁི་ཆང་གིས་རྒྱལ་ཁབ་གཉི་གའི་ཁྲིམས་འཛུགས་ལས་ཁུངས་དེ་རྒྱལ་ཁབ་གཉི་གའི་དམངས་དོན་གྱི་ཚབ་བྱེད་ལས་ཁུངས་ཡིན་པའི་ངོས་ནས། བརྗེ་རེས་དང་མཉམ་ལས་བྱེད་པར་ངེས་པར་དུ་ཤུགས་བསྣན་ནས། ཀྲུང་གོ་དང་ཕ་ཁི་སི་ཐན་བར་གྱི་བརྩེ་བ་མཚོན་པའི་དམངས་འདོད་ཀྱི་རྨང་གཞི་དང་སྤྱི་ཚོགས་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་ཞེས་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག