མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

བཟོས་སྣུམ་གྱི་རིན་གོང་ལེགས་སྒྲིག་བྱ་རྒྱུ་མིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-24 10:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ5བའི་ཚེས23ཉིན། རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས། སྤྱི་ཟླ5བའི་ཚེས9ཉིན་རྒྱལ་ནང་གི་བཟོས་སྣུམ་རིན་གོང་ལེགས་སྒྲིག་བྱས་ཚུན། རྒྱལ་སྤྱིའི་ཁྲོམ་རྭའི་སྣུམ་རིན་སྔོན་ལ་ཆག་སྟེ་དེ་རྗེས་འཕར་ཡོད་པ་དང་། ཉེ་དུས་སླར་ཡང་ཆག་ཡོད། ལག་བསྟར་བྱེད་བཞིན་པའི་རྒྱལ་ནང་གི་བཟོས་སྣུམ་རིན་གོང་གི་སྒྲིག་གཞིར་གཞིགས་ཏེ་ཚོད་རྩིས་བརྒྱབ་ཚེ། སྤྱི་ཟླ5པའི་ཚེས23ཉིན་གོང་གི་ལས་དུས་ཉིན10ཡི་ཆ་སྙོམས་སྣུམ་རིན་དེ་སྤྱི་ཟླ5པའི་ཚེས10ཉིན་གྱི་རིན་གོང་ལེགས་སྒྲིག་མ་བྱས་གོང་གི་ལས་དུས་ཉིན10ཡི་ཆ་སྙོམས་རིན་གོང་དང་བསྡུར་ཚེ་འཕར་ཤུགས་ཆེན་པོ་བྱུང་མེད་པ་དང་། འཕར་ཚད་ཏུན་རེར་སྒོར50ཡང་ཟིན་གྱི་མེད་པས། རྡོ་སྣུམ་རིན་གོང་དོ་དམ་བྱ་ཐབས་ཀྱི་གཏན་འབེབས་དོན་ཚན་ཁག་དྲུག་པར་གཞིགས་ཏེ། ད་ཐེངས་རླངས་སྣུམ་དང་། ཁྲེ་ཡུའུ་སྣུམ་གྱི་རིན་གོང་ལེགས་སྒྲིག་བྱེད་རྒྱུ་མིན་པ་དང་། ལེགས་སྒྲིག་མ་བྱས་པའི་དངུལ་གྱི་ཆ་ཤས་དེ་ཐེངས་རྗེས་མའི་རིན་གོང་ལེགས་སྒྲིག་ནང་མཉམ་དུ་བསྣན་པའམ་མགོ་གཏུག་གཏོང་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག