མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

དམངས་སྤྱོད་མཁའ་འགྲུལ་བཟོ་ལས་ཀྱི་གོང་འཕེལ་འཆར་འགོད་ཁྱབ་བསྒྲགས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-24 10:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་བཟོ་ལས་དང་ཆ་འཕྲིན་ཅན་པུས་སྤྱི་ཟླ5བའི་ཚེས23ཉིན་ཀྲེ་ཅང་ཧང་ཀྲུའུ་རུ་བཞུགས་མོལ་ཚོགས་འདུ་སྐོང་ཚོགས་བྱས་ཏེ། དམངས་སྤྱོད་མཁའ་འགྲུལ་བཟོ་ལས་ཀྱི་དུས་མཚམས་རིང་འབྲིང་གི་གོང་འཕེལ་འཆར་འགོད་ཅེས་པ་ཁྱབ་བསྒྲགས་བྱས་པ་མ་ཟད། ཁྱབ་བསྒྲགས་བྱས་པའི་གོང་འཕེལ་དམིགས་འབེན་ལ་གཞིགས་ཏེ་འཆར་འགོད་ནང་གི་འབྲེལ་ཡོད་ནང་དོན་ལ་གསལ་འགྲེལ་གཏིང་ཟབ་བྱས་ཡོད།

འཆར་འགོད་ལ་གཞིགས་ན། སྤྱི་ལོ2013ལོ་ནས་སྤྱི་ལོ2020ལོའི་བར། རང་རྒྱལ་གྱི་དམངས་སྤྱོད་མཁའ་འགྲུལ་བཟོ་ལས་ཀྱི་གོང་འཕེལ་དམིགས་འབེན་ནི་དེང་རབས་མཁའ་འགྲུལ་བཟོ་ལས་མ་ལག་མུ་མཐུད་འཐུས་ཚང་དུ་གཏོང་རྒྱུ་དང་། རྒྱུན་མཐུད་གོང་འཕེལ་གྱི་ནུས་པ་མངོན་གསལ་འདོད་པོས་ཤུགས་ཆེར་གཏོང་རྒྱུ། དམངས་སྤྱོད་གནམ་གྲུའི་ཐོན་ལས་ཅན་མཆོངས་བརྒལ་ཆེན་པོ་ཡོང་བ་བྱེད་རྒྱུ། མཁའ་འགྲུལ་ཆེ་གྲསC919ཡི་ཞིབ་བཟོ་དང་། ཐོན་སྐྱེད། རྩིས་སྤྲོད་བཅས་ཀྱི་ལས་འགན་ལེགས་གྲུབ་ཐུབ་པ་བྱེད་རྒྱུ། མེ་གསོད་དང་ཆུ་ཐོག་མྱུར་སྐྱོབ་གནམ་གྲུ་སོགས་ཐོན་རྫས་གཙོ་བོ་ཞིབ་བཟོ་དང་ཁྲོམ་རྭའི་ཐོག་འདོན་ཐུབ་པ་བྱ་རྒྱུ་བཅས་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག