མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྤྱི་ལོ2013ལོའི་ལྟེ་བའི་གྲོང་ཁུལ་གྱི་འགན་སྲུང་རང་བཞིན་སྡོད་ཁང་གི་ལས་གཞི་ཁྱོན་ཡོངས་ནས་དོན་འཁྱོལ་བྱུང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-24 10:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ལོ2013ལོའི་ལྟེ་བའི་གྲོང་ཁུལ་གྱི་འགན་སྲུང་རང་བཞིན་བདེ་སྡོད་ལས་གཞིའི་འཛུགས་སྐྲུན་ལས་འགན་ལ་གཞིགས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་བའི་གྲོང་ཁྱེར་གྱི་འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གཞིའི་ཐད་བེད་སྤྱོད་བྱེད་རྒྱུའི་ས་ཆ་སྤྱི་ཆིང4493ལྷག་ཙམ་ཟིན་པ་ཡོངས་དོན་འཁྱོལ་བྱུང་སྟེ་འགན་སྲུང་བྱེད་དགོས་པ་ཡོངས་འགན་སྲུང་ཐུབ་ཡོད་པ་རེད།

གཞུང་ཁོངས་ས་ཆའི་ཐོན་ཁུངས་པུས་སྤྱི་ཟླ5བའི་ཚེས22ཉིན་བརྡ་ཁྱབ་བཏང་བའི་ནང་། གཏན་འབེབས་ལྟར་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཆོག་མཆན་གནང་རྒྱུར་ཕུལ་བའི་གྲོང་ཁྱེར་གྱི་འཛུགས་སྐྲུན་ཐད་བེད་སྤྱོད་གཏོང་རྒྱུའི་ས་ཆ་ལོ་གཅིག་ནང་བསྡོམས་རྩིས་ཐེངས་གཅིག་བརྒྱབ་སྟེ་ཆོག་མཆན་ཐེངས་གཅིག་སྤྲོད་ཀྱི་ཡོད། རེ་ཞུ་དང་ཆོག་མཆན་སྤྲོད་པའི་འགྲོ་ལུགས་དེར་གཞིགས་ན། འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གཞིའི་འཛུགས་སྐྲུན་ཐད་བེད་སྤྱོད་བྱེད་རྒྱུའི་ས་ཆའི་དགོས་མཁོ་དུས་ཐོག་ཏུ་སྐོང་ཁག་པོ་ཡོད་པས། གཞུང་ཁོངས་ས་ཆའི་ཐོན་ཁུངས་པུས་དམངས་ཀྱི་འཚོ་བ་སྔོན་ལ་འཇོག་པ་དང་། དམིགས་བསལ་ལས་དོན་དམིག་བསལ་ཐག་གཅོད་བྱེད་པའི་རྩ་དོན་ལ་གཞིགས་ཏེ། སྔ་བསྣུར་དུ་ལས་དོན་དེའི་ནང་ཞུགས་ཐོག་ཁེར་རྐྱང་ཡིག་ཚགས་བཟོ་ཐབས་ལ་བརྟེན་ནས་ས་ཆ་རེ་ཞུ་དང་ཆོག་མཆན་སྤྲོད་རྒྱུ་མགྱོགས་སུ་གཏོང་གི་ཡོད་ལ། འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གཞིའི་ས་ཆ་གཞུང་ཁོངས་ས་ཆའི་ཐོན་ཁུངས་པུས་དམིགས་ཚད་འཆར་གཞི་བཟོ་གི་ཡོད་པས་ས་ཆ་འགན་སྲུང་བྱེད་ཐུབ་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག