མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

དབུས་ནུབ་ས་ཁུལ་གྱི་མཐོ་རིམ་སློབ་གསོ་དར་རྒྱས་འཆར་གཞི་བཏོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-24 10:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སློབ་གསོ་པུའུ་དང་། རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་། ནོར་སྲིད་པུའུ་བཅས་ཀྱིས་མཉམ་འབྲེལ་ཐོག་འགྲེམས་སྤེལ་བྱས་པའི་སྤྱི་ལོ2012ལོ་ནས2020ལོ་བར་གྱི་དབུས་ནུབ་ས་ཁུལ་གྱི་མཐོ་རིམ་སློབ་གསོ་དར་རྒྱས་འཆར་གཞི་དེ་སྤྱི་ཟླ5བའི་ཚེས22ཉིན་དངོས་སུ་ཁྱབ་བསྒྲགས་བྱས་ཡོད་པ་རེད། དབུས་ནུབ་ས་ཁུལ་གྱི་མཐོ་རིམ་སློབ་གསོའི་བསྒྱུར་བཅོས་གོང་འཕེལ་གྱི་གལ་ཆེའི་ཁྱབ་ཁོངས་དང་ཉམས་ཞན་ལྷུ་ཚིགས་ལ་དམིགས་ཏེ། འཆར་གཞིའི་ནང་། བཟང་ཆ་དང་ཁྱད་ཆོས་ལྡན་པའི་རིག་ཚན་ཆེད་ལས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སློབ་གསོ་སློབ་འཁྲིད་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཚན་ཞིབ་གསར་གཏོད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། སྤྱི་ཚོགས་ཀྱི་ཞབས་ཞུའི་ནུས་པ་མཐོ་རུ་གཏོང་བ། སྤུས་ལེགས་ཐོན་ཁུངས་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ། དབུས་ནུབ་ས་ཁུལ་གྱི་སློབ་མའི་སློབ་ཞུགས་གོ་སྐབས་མང་དུ་གཏོང་བ། སློབ་གླིང་དང་སློབ་གྲྭའི་ཁྱབ་སྟངས་དང་གྲུབ་ཆ་ལེགས་སུ་གཏོང་བ། སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། མ་དངུལ་གཏོང་བའི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ་སོགས་ལས་འགན་གཙོ་བོ་བཅུ་བཏོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག