མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་དབྱི་སི་ལན་པོ་ལ་ཕེབས་ནས་ཕ་ཁི་སི་ཐན་རྒྱལ་ཁབ་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད་མགོ་བརྩམས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-23 11:01

115868571_11n.jpg

    སྤྱི་ཟླ5བའི་ཚེས22ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཆེད་བཏང་གནམ་གྲུར་བཞུགས་ནས་དབྱི་སི་ལན་པོ་ལ་ཕེབས་ནས་ཕ་ཁི་སི་ཐན་རྒྱལ་ཁབ་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད་མགོ་བརྩམས། པར་འདི་ནི་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཀྲ་ཨར་ཏ་ལིས་དང་ཙུང་ལི་ཧོ་སོ་གཉིས་ཀྱིས་གནམ་གྲུ་ཐང་དུ་བསུ་བ་བྱེད་པའི་ཚུལ་རེད།

115868571_21n.jpg

    སྤྱི་ཟླ5བའི་ཚེས22ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཆེད་བཏང་གནམ་གྲུར་བཞུགས་ནས་དབྱི་སི་ལམ་པོ་ལ་ཕེབས་ནས་ཕ་ཁི་སི་ཐན་རྒྱལ་ཁབ་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད་མགོ་བརྩམས། པར་འདི་ནི་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཀྲ་ཨར་ཏ་ལིས་དང་ཙུང་ལི་ཧོ་སོ་གཉིས་ཀྱིས་གནམ་གྲུ་ཐང་དུ་བསུ་བ་བྱེད་པའི་ཚུལ་རེད།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཕ་ཁི་སི་ཐན་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གིས་གདན་དྲངས་བ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་སྤྱི་ཟླ5བའི་ཚེས22ཉིན་གྱི་སྔ་དྲོར་ཆེད་བཏང་གནམ་གྲུར་བཞུགས་ནས་དབྱི་སི་ལན་པོའི་ནུའུ་ཨར་ཧན་མཁའ་དམག་གནམ་གྲུ་ཐང་དུ་ཐོན་ནས། ཕ་ཁི་སི་ཐན་རྒྱལ་ཁབ་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད་མགོ་བརྩམས།

     ཉིན་དེར་ལིས་ཁི་ཆང་གིས་དབྱི་སི་ལན་པོའི་ནུའུ་ཨར་ཧན་མཁའ་དམག་གནམ་གྲུ་ཐང་དུ་ཡིག་ཐོག་གི་གསུངས་བཤད་གནང་། ཁོང་གིས་གསུངས་རྒྱུར། ཕ་ཁི་སི་ཐན་ནི་ཨེ་ཤ་ཡ་ལྷོ་མའི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པ་དང་། ས་གནས་རང་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས། འཕེལ་རྒྱས་བཅས་སྲུང་སྐྱོབ་བྱེད་པའི་ཐད་ལ་བྱས་རྗེས་ཆེན་པོ་བཞག ཀྲུང་གོ་དང་ཕ་ཁི་སི་ཐན་བར་འབྲེལ་བ་བཙུགས་ནས་ལོ62ཀྱི་རིང་ལ། རྒྱལ་ཁབ་གཉིས་ཀྱིས་ཆབ་སྲིད་ཐད་ནས་འདྲ་མཉམ་གྱི་ལྟ་ཚུལ་བཟུང་ཞིང་དཔལ་འབྱོར་ཐད་ནས་གཉིས་ཕན་མཉམ་རྒྱལ་བྱུང་བ་དང་། ཕྱོགས་གཉིས་ཀྱི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་གནད་དོན་ཐད་ནས་ཕན་ཚུན་ལ་བཟོད་སྒོམ་དང་རྒྱབ་སྐྱོར་བྱས་ཟེར།

    ལིས་ཁི་ཆང་གིས་གསུངས་རྒྱུར། ཕ་ཁི་སི་ཐན་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་ནི་ཀྲུང་གོ་སྲིད་གཞུང་གི་མཐའ་གཅིག་གི་བྱེད་ཕྱོགས་ཡིན། རྒྱལ་སྤྱི་དང་ས་གནས་ཀྱི་གནས་བབ་ལ་འགྱུར་ལྡོག་ག་འདྲ་བྱུང་རུང་། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་སྒོས་ཀྲུང་གོ་དང་ཕ་ཁི་སི་ཐན་བར་གྱི་འབྲེལ་བ་སྲ་བརྟན་དུ་གཏོང་བ་དང་ཕ་ཁི་སི་ཐན་གྱིས་རང་བཙན་བདག་དབང་དང་མངའ་ཁོངས་ཆ་ཚང་བར་སྲུང་སྐྱོབ་བྱེད་པ་དང་། རྒྱལ་ཁབ་ཀྱི་བརྟན་འཇགས་དང་འཕེལ་རྒྱས་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་པར་སྔོན་ཆད་དང་འདྲ་བར་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར།  །

     འཚམས་འདྲིའི་སྐབས་སུ་ལིས་ཁི་ཆང་གིས་ཙུང་ཐུང་ཀྲ་ཨར་ཏ་ལིས་དང་ཙུང་ལི་ཧོ་སོ་སོགས་ཕ་ཁི་སི་ཐན་སྲིད་ཏང་གི་མགོ་ཁྲིད་པར་མཇལ་འཕྲད་གནང་རྒྱུ་ཡིན་པ་དང་། ཕ་ཁི་སི་ཐན་གྱི་མཛའ་མཐུན་མི་སྣ་དང་བཞུགས་མོལ་བརྗེ་རེས་མཛད་རྒྱུ་ཡིན་པར་མ་ཟད་ཕ་ཁི་སི་ཐན་གྲོས་ཁང་དུ་གསུང་བཤད་གནང་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག