མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་དང་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཀྲ་ཨེར་ཏ་ལིས་གཉིས་ཀྱིས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-23 11:01

04.jpg

  སྤྱི་ཟླ5བའི་ཚེས22ཉིན། ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་དབྱི་སི་ལན་པོ་ནས་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཀྲ་ཨེར་ཏ་ལིས་དང་གླེང་མོལ་མཛད་རྗེས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྤྱི་ཟླ5བའི་ཚེས22ཉིན་དབྱི་སི་ལན་པོ་ནས་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཀྲ་ཨེར་ཏ་ལིས་དང་གླེང་མོལ་མཛད་རྗེས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་། ལིས་ཁི་ཆང་གིས་ངས་ཀྲུང་གོའི་ཙུང་ལི་ཡི་འགན་ཁུར་རྗེས་འཚམས་འདྲིའི་བྱ་ཡུལ་ཐོག་མ་ཕ་ཁི་སི་ཐན་བདམས་པ་དེ་ལས། ཀྲུང་གོའི་སྐབས་གསར་བའི་སྲིད་གཞུང་གིས་ཀྲུང་གོ་དང་ཕ་ཁི་སི་ཐན་བར་གྱི་འབྲེལ་བར་གཙིགས་འཛིན་བྱེད་པ་མཚོན་ལ། སྒོས་སུ་ཐེངས་འདིའི་འཚམས་འདྲི་དེ་ཕ་ཁི་སི་ཐན་རྒྱལ་དམངས་གྲོས་ཁང་གི་འདེམས་བསྐོ་མཇུག་རྫོགས་མ་ཐག་དང་། སྲིད་གཞུང་གསར་བ་ད་དུང་བཙུགས་མེད་པའི་དམིགས་བསལ་གྱི་དུས་ལ་འཕྲད་པ་དེ་ལས། གནས་བབ་དང་ཁོར་ཡུག་ལ་འགྱུར་ལྡོག་ཇི་འདྲ་བྱུང་ཡང་། ཀྲུང་གོ་དང་ཕ་ཁི་སི་ཐན་བར་གྱི་འབྲེལ་བ་ནི་སྲ་ཞིང་བརྟན་པ་ཞིག་ཡིན་པ་མཚོན་ཐུབ་ཅེས་གསུངས།

  ལིས་ཁི་ཆང་གིས་ང་རང་ཕ་ཁི་སི་ཐན་དུ་འཚམས་འདྲིར་ཡོང་བའི་དམིགས་ཡུལ་གཙོ་བོ་ནི་ཀྲུང་གོ་དང་ཕ་ཁི་སི་ཐན་བར་གྱི་སྲོལ་རྒྱུན་མཛའ་བརྩེ་ཇེ་བརྟན་དུ་གཏོང་བ་དང་། ཐབས་ཇུས་མཉམ་ལས་ཟབ་མོ་བྱེད་པའི་ཆེད་དུ་ཡིན་ལ། ངས་ཙུང་ཐུང་ཀྲ་ཨེར་ཏ་ལིས་དང་ཙུང་ལི་ཧོ་སོ་དང་གླེང་མོལ་བྱས་ཏེ། ཀྲུང་གོ་དང་ཕ་ཁི་སི་ཐན་བར་གྱི་ཕྱོགས་ཡོངས་ཀྱི་ཐབས་ཇུས་མཉམ་ལས་འབྲེལ་བ་ཟེ་ཟབ་ཏུ་གཏོང་བའི་ཐད་ནས་ལྟ་བ་གལ་ཆེན་གཅིག་མཐུན་བྱུང་། རྙོང་འཛིང་ཆེ་ཞིང་འགྱུར་ལྡོག་ཆེ་བའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་མདུན་དུ། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་དང་ལྷན་དུ་འབད་བརྩོན་བྱས་ཏེ། མཉམ་དུ་འགྲན་རྩོད་ལ་ཁ་གཏད་འཇལ་བ་དང་། ཐུན་མོང་གི་འཕེལ་རྒྱས་མངོན་འགྱུར་བྱས་ཏེ། ས་ཁུལ་གྱི་བརྟན་འཇགས་དང་དར་རྒྱས་སྲུང་སྐྱོང་བྱེད་པར་ནུས་པ་ཆེན་པོ་འདོན་འདོད་ཡོད་ཅེས་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག