མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་དབྱི་སི་ལན་པོ་ནས་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཀྲ་ཨར་ཏ་ལིས་དང་ཙུང་ལི་ཧོ་སོ་གཉིས་དང་གྲོས་མོལ་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-23 11:01

000.jpg

    སྤྱི་ཟླ5བའི་ཚེས22ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་དབྱི་སི་ལན་པོ་ནས་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཀྲ་ཨར་ཏ་ལིས་དང་ཙུང་ལི་ཧོ་སོ་གཉིས་དང་གྲོས་མོལ་མཛད།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྤྱི་ཟླ5བའི་ཚེས22ཉིན་དབྱི་སི་ལན་པོ་ནས་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཀྲ་ཨར་ཏ་ལིས་དང་ཙུང་ལི་ཧོ་སོ་གཉིས་དང་གྲོས་མོལ་མཛད་ནས། ཀྲུང་གོ་དང་ཕ་ཁི་སི་ཐན་བར་གྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་ལྟ་ཚུལ་གཅིག་མཐུན་བྱུང་།

    གྲོས་མོལ་མཛད་སྐབས་ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་འདོད་ཡོད། གཅིག་ནི་འཐབ་ཇུས་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་མཐོ་རིམ་མགོ་ཁྲིད་པའི་བར་གྱི་འཚམས་འདྲི་དང་ཐུག་འཕྲད་སྲུང་འཛིན་བྱས་ནས། ཕྱོགས་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་བྱེད་དགོས། གཉིས་ནི་འཐབ་ཇུས་དང་རྒྱང་རིང་གི་འཆར་འགོད་ལ་ཤུགས་བསྣན་ནས། ཕན་ཚུན་བར་གྱི་འབྲེལ་འདྲིས་དང་རྒྱ་མཚོ་སོགས་ཁྱབ་ཁོངས་གསར་བའི་མཉམ་ལས་རྒྱ་བསྐྱེད་དགོས། གསུམ་ནི་ཕྱོགས་གཉིས་ཀྱི་ཉོ་ཚོང་ཆུ་ཚད་ཇེ་མཐོར་བཏང་ནས། གཞི་ཁྱོན་རྒྱ་སྐྱེད་པའི་གོ་རིམ་ཁྲོད་དུ་གནས་ཚུལ་དོ་མཉམ་ཡོང་བར་བྱེད་དགོས། བཞི་ནི་མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་ནས། ཕ་ཁི་སི་ཐན་ཕྱོགས་ནས་རྒྱ་ཡིག་ཁྱབ་གདལ་དུ་གཏོང་བར་དགེ་རྒན་དང་མ་དངུལ། བསླབ་དེབ་བཅས་འདོན་སྤྲོད་བྱེད་པ་སོགས་ཀྱི་ཐད་ལ་རྒྱབ་སྐྱོར་བྱེད་དགོས། ལྔ་ནི་རྒྱལ་སྤྱི་དང་ས་གནས་ལས་དོན་ཁྲོད་ཀྱི་མཉམ་ལས་ཇེ་མང་དུ་བཏང་ནས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོབ་བྱེད་དགོས་ཟེར།

     ཀྲ་ཨར་ཏ་ལིས་ཀྱིས་ཐོག་མར་ཕ་ཁི་སི་ཐན་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ཏེ་ལིས་ཁི་ཆང་འཚམས་འདྲིར་ཡོང་བར་བསུ་བ་བྱས། ཁོས་བཤད་རྒྱུར། ཀྲུང་གོ་ནི་ཕ་ཁི་སི་ཐན་གྱི་གྲོགས་པོ་བཟང་བོ་དང་ཡིད་རྟོན་རུང་བའི་གྲོགས་པོ་ཡིན་པ་དང་། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོས་དུས་ཡུན་རིང་བོར་ཕ་ཁི་སི་ཐན་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཆེ་ཞུ་བ་ཡིན། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཁྱབ་ཁོངས་སོ་སོའི་མཉམ་ལས་ཕྱོགས་ཡོངས་ནས་ཇེ་མང་དུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་པར་མ་ཟད། ས་གནས་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས། འཕེལ་རྒྱས་བཅས་ཀྱི་ཐད་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག