མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་ཐེ་ཝན་དམངས་དོན་འཐུས་ཚབ་བརྗེ་རེས་ལྟ་སྐོར་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-23 11:01

02.jpg

    སྤྱི་ཟླ5བའི་ཚེས22ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་པེ་ཅིན་ནས་རའོ་ཕེན་ཆི་ཡིས་ཁྲིད་པའི་ཐེ་ཝན་དམངས་དོན་འཐུས་ཚབ་བརྗེ་རེས་ལྟ་སྐོར་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་།

03.jpg

    སྤྱི་ཟླ5བའི་ཚེས22ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་པེ་ཅིན་ནས་རའོ་ཕེན་ཆི་ཡིས་ཁྲིད་པའི་ཐེ་ཝན་དམངས་དོན་འཐུས་ཚབ་བརྗེ་རེས་ལྟ་སྐོར་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་། 
 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་སྤྱི་ཟླ5བའི་ཚེས22ཉིན་པེ་ཅིན་ནས་རའོ་ཕེན་ཆི་ཡིས་ཁྲིད་པའི་ཐེ་ཝན་དམངས་དོན་འཐུས་ཚབ་བརྗེ་རེས་ལྟ་སྐོར་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་།

     ཡུས་ཀྲིན་ཧྲིན་གྱིས་སྐམ་ས་ཆེན་མོའི་སྲིད་གྲོས་ཨུ་ཡོན་དང་ཐེ་ཝན་དམངས་དོན་འཐུས་ཚབ་བར་གྱི་བརྗེ་རེས་ལས། མཚོ་འགག་འགྲམ་གཉིས་ཀའི་དམངས་ཀྱི་འདོན་བློ་མཚོན་པ་དང་། འགྲམ་གཉིས་ཀའི་དམངས་ཀྱི་བློ་གྲོས་འདུས་ཡོད་པས། མཚོ་འགག་འགྲམ་གཉིས་ཀས་ཕན་ཚུན་ལ་རྒྱུས་ལོན་དང་སྲིད་ཇུས་ཇུས་འདོན་སོགས་ཀྱི་ཐད་ནས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་བཏོན་ཞེས་གསུངས།
  ཡུས་ཀྲིན་ཧྲིན་གྱིས་འདས་པའི་ལོ་ལྔའི་རིང་། མཚོ་འགག་འགྲམ་གཉིས་ཀའི་སྤུན་ཟླས་མཉམ་དུ་འབད་བརྩོན་བྱས་འོག འགྲམ་གཉིས་ཀའི་འབྲེལ་བ་གོང་དུ་སྤེལ་བའི་ཐད་ནས་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་བླངས་ཏེ། ཞི་བདེ་འཕེལ་རྒྱས་ཀྱི་ཡང་དག་པའི་བགྲོད་ལམ་ཇེ་བརྟན་དུ་བཏང་བ་དང་། སྤྱིའི་རྣམ་པར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ནས། དུས་སྐབས་གསར་བ་ཇེ་བརྟན་དང་ཇེ་ཟབ་ཏུ་གཏོང་བའི་ཕྱོགས་སུ་སྐྱོད་པ་རེད་ཅེས་བསྟན་པར་མ་ཟད། ཁོང་གིས་འགྲམ་གཉིས་ཀའི་འབྲེལ་བ་ཞི་བའི་འཕེལ་རྒྱས་ལ་སྔར་ལས་ཡར་སྐུལ་གཏོང་བའི་ཐད་བསམ་འཆར་གསུམ་བཏོན་པ་འདི་ལྟར། གཅིག་ནས་འགྲམ་གཉིས་ཀྱིས་ཆབ་སྲིད་ཡིད་ཆེས་ཇེ་ཆེར་གཏོང་བར་བརྩོན་ལེན་བྱས་ཏེ། འགྲམ་གཉིས་ཀའི་འབྲེལ་བ་གོང་དུ་སྤེལ་བའི་ཡང་དག་པའི་ཁ་ཕྱོགས་སྲུང་འཛིན་བྱེད་པ། གཉིས་ནས་རྒྱ་ཆེའི་ཐེ་ཝན་སྤུན་ཟླར་མཐུན་སྒྲིལ་དམ་པོ་བྱས་ཏེ། མཉམ་དུ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་འབད་འབུངས་བྱེད་པ། གསུམ་ནས་བརྗེ་རེས་ཀྱི་སྤུས་ཚད་དང་ཕན་འབྲས་ཇེ་ལེགས་སུ་བཏང་ནས། ལམ་ལུགས་ཅན་གྱི་འཛུགས་སྐྲུན་ཧུར་ཐག་གིས་སྤེལ་རྒྱུ་དེ་རེད།
  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་ཞོར་དུ་དྲུང་ཡིག་ཆེན་མོའི་འགན་ཁུར་མཁན་ཀྲང་ཆིན་ལིས་སོགས་མཇལ་འཕྲད་ལ་ཞུགས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག