མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་སྐོང་འཚོགས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-23 11:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ5བའི་ཚེས21ཉིན་རྒྱལ་ཁབ་གསར་འགྱུར་གཞུང་ལས་ཁང་གིས་སྐོང་འཚོགས་བྱས་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག རྒྱལ་ཁབ་ནགས་ལས་ཅུད་ཀྱིས་རང་རྒྱལ་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་འཕེལ་རིམ་གསར་ཤོས་ཐད་ངོ་སྤྲོད་བྱས་པ་རེད། མིག་སྔར་རྒྱལ་ཡོངས་སུ་ནགས་ལས་རང་བྱུང་སྲུང་སྐྱོབ་ཁུལ2150བཙུགས་ཟིན་པ་དང་། 85%ཡན་གྱི་རྒྱལ་ཁབ་ཀྱི་གཙོ་གནད་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་ཐུབ་ཡོད། རང་བྱུང་སྲུང་སྐྱོབ་ཁུལ2150ཡི་རྒྱ་ཁྱོན་ལ་སྤྱི་ཆིངས་དུང་ཕྱུར1.24ཟིན་པ་དང་། རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི13%ཟིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག