མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྤྱི་བདེ་པུས་དམངས་སྤྱོད་མཁའ་འགྲུལ་བདེ་འཇགས་ལ་ཉེན་ཁ་བཟོ་བར་ཆད་པ་ནན་པོ་གཅོད་རྒྱུའི་བླང་བྱ་བཏོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-23 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ5བའི་ཚེས21ཉིན་གསར་འགོད་པས་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་གསལ། ཉེ་དུས་འཇིགས་སྐུལ་ཆ་འཕྲིན་རྫུན་བཟོ་བྱས་པ་མང་པོ་ཐོན་ནས་དམངས་སྤྱོད་མཁའ་འགྲུལ་བདེ་འཇགས་ལ་ཉེན་ཁ་བཟོ་བའི་གྱོད་གཞི་ཡོངས་རྫོགས་རྩད་གཅོད་ཐུབ་པ་དང་། དོགས་ཡོད་ཉེས་ཅན་མི་སྣ་ཡོངས་རྫོགས་འཛིན་བཟུང་བྱས་ཡོད་པ་རེད། སྤྱི་བདེ་པུས་ད་དུང་བརྡ་ཐོ་བཏང་ནས་འཇིགས་སྐུལ་ཆ་འཕྲིན་རྫུན་བཟོ་བྱས་ཏེ་དམངས་སྤྱོད་མཁའ་འགྲུལ་གྱི་བདེ་འཇགས་ལ་ཉེན་ཁ་བཟོ་བའི་བྱ་སྤྱོད་དེ་རིགས་ནན་ཏན་གྱིས་ཉེས་དོན་གྱོད་གཞིར་གཞིགས་ཏེ་གྱོད་དོན་ཐོ་འགོད་རྟོག་ཞིབ་བྱེད་དགོས་པ་ལས་བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་པ་སོགས་ཀྱི་རྣམ་པའི་ཐོག་ནས་ཚད་གཞི་བཅག་ནས་ཐག་གཅོད་བྱེད་མི་ཆོག་པའི་བླང་བྱ་ཁ་གསལ་བཏོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག