མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་གསེབ་ཀྱི་བདེ་སྐྱིད་ཁང་ལ་རྒྱབ་སྐྱོར་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-23 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་སྤྱི་ཟླ5བའི་ཚེས22ཉིན་ནོར་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར། སྤྱི་ལོ2013ལོ་ནས2015ལོའི་བར། ནོར་སྲིད་པུས་ཀྲུང་དབྱང་གི་ཆེད་དོན་བྱ་དགའ་ཡོད་པའི་སྤ་སེའི་སྤྱི་ཕན་དངུལ་བཀོད་སྒྲིག་བྱས་ཏེ། གྲོང་གསེབ་ཀྱི་བདེ་སྐྱིད་ཁང་གི་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་རེད།

ནོར་སྲིད་པུའུ་དང་དམངས་སྲིད་པུས་ཉིན་ཤས་གོང་མཉམ་འབྲེལ་ཐོག ཀྲུང་དབྱང་གི་བྱ་དགའ་ཡོད་པའི་སྤ་སེའི་ཆེད་དོན་སྤྱི་ཕན་དངུལ་གྱིས་གྲོང་གསེབ་བདེ་སྐྱིད་ཁང་ལ་རྒྱབ་སྐྱོར་བྱེད་པའི་རྣམས་གྲངས་དོ་དམ་བྱ་ཐབས་ཞེས་པ་འགྲེམས་སྤེལ་བྱས་ཏེ། ཆེད་དོན་མ་དངུལ་དེ་དག་ནས་རེ་ཞུ་ཕུལ་མཁན་གྲོང་གསེབ་བདེ་སྐྱིད་ཁང་གི་རྣམ་གྲངས་ཁག་སོ་སོར་ཁ་གསབ་སྒོར་ཁྲི3སྤྲོད་རྒྱུ་དང་། ཆེད་དོན་དངུལ་རྣམས་གྲོང་གསེབ་བདེ་སྐྱིད་ཁང་གི་སྒྲིག་བཀོད་ཉམས་བཟོ་དང་སྒྲིག་ཆས་ཆ་སྦྱོར་སོགས་ཀྱི་ཐད་གཏོང་རྒྱུ་དང་། བྱ་ཐབས་དེ་འགྲེམས་སྤེལ་བྱས་པའི་ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱེད་རྒྱུ་བཅས་ཁ་བསལ་བཏོན་ཡོད་པ་རེད།

བྱ་ཐབས་དེའི་ནང་། ཆ་རྐྱེན་དང་མཚམས་པའི་རེ་ཞུ་ཕུལ་བའི་རྣམ་གྲངས་ལ་ངེས་པར་དུ་གྲོང་གསེབ་བདེ་སྐྱིད་ཁང་གཉེར་ཆོག་པའི་ས་ཆ་དང་སྒྲིག་བཀོད་ཡོད་དགོས་པ་དང་། མ་དངུལ་གྲབས་གསོག་དང་འཛུགས་སྐྲུན་ཇུས་གཞི་ཡོད་དགོས་པ་མ་ཟད། གྲོང་མིའི་ཚོགས་འདུ་འམ་གྲོང་མིའི་འཐུས་མིའི་ཚོགས་འདུའི་ཐོག་གྲོས་བསྡུར་བྱས་ཏེ་གཏན་འཁེལ་བྱེད་དགོས་ཞེས་བཏོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག