མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ200ཙམ་ལ་དྲུག་གཅིག་རིང་པེ་ཅིན་དུ་གཤགས་བཅོས་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-23 11:00

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་དྲུག་གཅིག་རིང་། བོད་ལྗོངས་དང་། ཤིན་ཅང་། ཀུའེ་ཀྲོའུ། ཧྲན་ཞི། ཡུན་ནན་སོགས་ཀྱི་གྲངས་ཉུང་མི་རིགས་ཀྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ200ཙམ་ལ་པེ་ཅིན་དུ་རིན་པ་མི་དགོས་པར་གཤགས་བཅོས་བྱེད་རྒྱུ་ཡིན་པ་རེད། སྤྱི་ཟླ5བའི་ཚེས22ཉིན། ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པས་གཙོ་གཉེར་བྱས་པའི“ང་པེ་ཅིན་དུ་དྲུག་གཅིག་གཏོང་བར་འགྲོ”ཞེས་པའི་བྱེད་སྒོ་དེ་པེ་ཅིན་དམག་ཁུལ་ཁང་གི་སྤྱི་ཁྱབ་སྨན་ཁང་དུ་སྤེལ་འགོ་ཚུགས་པ་དང་། འགོ་ཚུགས་མཛད་སྒོའི་ཐོག ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པའི་ཚོགས་གཙོ་ལི་པོན་ཀུང་གིས། ད་ཐེངས་ཀྱི་བྱེད་སྒོ་འདི་ནི་གྲངས་ཉུང་མི་རིགས་ཀྱི་དབུལ་ཕོངས་ཁྱིམ་ཚང་གི་ལྷན་སྐྱེས་སྙིང་ཕོག་པའི་བྱིས་པ1000ལ་རོགས་སྐྱོབ་བྱེད་པའི་བྱ་སྤྱོད་ཀྱི་གྲས་ཤིག་ཡིན་པ་དང་། སྤྱི་ལོ2011ལོར་རོགས་སྐྱོབ་བྱ་སྤྱོད་དེ་སྤེལ་འགོ་ཚུགས་ཚུན་ད་བར་རིན་པ་མི་དགོས་པར་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ1716ལ་ལེགས་གྲུབ་ལྡན་པའི་སྒོ་ནས་གཤགས་བཅོས་བྱས་ཟིན་ཡོད་ཅེས་གསུངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག