མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་རྒྱ་གར་གྱི་ཙུང་ཐུང་མུའུ་ཁི་ཅི་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-22 11:02

01.jpg

  སྤྱི་ཟླ5བའི་ཚེས21ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་དྷེ་ལི་གསར་བ་ནས་རྒྱ་གར་གྱི་ཙུང་ཐུང་མུའུ་ཁི་ཅི་ལ་མཇལ་འཕྲད་གནང་། 

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྤྱི་ཟླ5བའི་ཚེས21ཉིན་དྷེ་ལི་གསར་བ་ནས་རྒྱ་གར་གྱི་ཙུང་ཐུང་མུའུ་ཁི་ཅི་ལ་མཇལ་འཕྲད་གནང་།

     ལིས་ཁི་ཆང་གིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཙུང་ཐུང་མུའུ་ཁི་ཅི་ལ་བྱམས་བརྩེའི་ངང་ཁམས་འདྲི་དང་སྨོན་འདུན་བཟང་བོ་ཞུས་པ་བརྒྱུད་བསྒྲགས་མཛད། ལིས་ཁི་ཆང་གིས་ཙུང་ཐུང་ལགས་ནི་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་བ་ཡིན་ལ། ཁོས་ཀྲུང་གོ་དང་རྒྱ་གར་བར་གྱི་བརྩེ་བ་ཇེ་ཟབ་ཏུ་གཏོང་བ་དང་། ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་གོང་དུ་སྤེལ་བར་བྱས་རྗེས་ཆེན་པོ་བཞག་པས། ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་ཆེན་པོ་བྱེད་བཞིན་ཡོད་ཅེས་གསུངས།

     ལིས་ཁི་ཆང་གིས་ཀྲུང་གོ་དང་རྒྱ་གར་ནི་འཐབ་ཇུས་གྲོགས་པོ་དང་ཁྱིམ་མཚེས་བཟང་བོ་ཡིན་པ་དང་། ཐེངས་འདིའི་འཚམས་འདྲིའི་གྲུབ་འབྲས་གཙོ་བོ་ནི། རྒྱལ་ཁབ་གཉིས་ཀའི་མགོ་ཁྲིད་པའི་བར་ལྟ་བ་གཅིག་མཐུན་བྱུང་བའི་ངེས་པར་དུ་འཐབ་ཇུས་དང་ཁྱོན་ཡོངས་གཞིར་བཟུང་སྟེ་ཀྲུང་གོ་དང་རྒྱ་གར་བར་གྱི་འབྲེལ་བ་བསམ་པ་དང་། ཐུན་མོང་གི་ཁེ་ཕན་རྒྱ་བསྐྱེད་པ་དང་། སྒོ་ཀུན་ནས་མཉམ་ལས་བྱེད་པ། ཕན་ཚུན་བར་གྱི་རྩོད་གཞི་ཐག་གཅོད་བྱེད་ཅི་ཐུབ་བྱས་ཏེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དེ་ཡིན་ཞེས་བསྟན།

     ལིས་ཁི་ཆང་གིས་ཀྲུང་གོ་དང་རྒྱ་གར་བར་གྱི་འབྲེལ་བ་གོང་དུ་སྤེལ་བར་ཞི་འཇགས་ཀྱི་རྒྱལ་སྤྱིའི་ཁོར་ཡུག་ཅིག་དགོས་ལ། རྒྱལ་ཁབ་གཉིས་ཀར་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་འདྲ་མཚུངས་ཀྱི་ལྟ་བ་མང་པོ་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་རྒྱ་གར་ཕྱོགས་དང་ལྷན་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་རྒྱ་གར་གྱི་ཞི་བདེ་དང་དར་རྒྱས་ལ་ཁ་ཕྱོགས་པའི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་ཟེ་ཟབ་ཏུ་གཏོང་བ་དང་། ཨེ་ཤ་ཡ་དང་འཛམ་གླིང་ཞི་བདེ་དང་དར་རྒྱས་འབྱུང་བའི་ཐད་བྱས་རྗེས་གསར་བ་འཇོག་འདོད་ཡོད་ཅེས་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག