མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་རྒྱལ་ཡོངས་ཐེ་ཝན་སྤུན་ཟླའི་དངུལ་གཏོང་ཁེ་ལས་མཛའ་འབྲེལ་ཚོགས་པའི་ཁོངས་མིའི་འཐུས་མིའི་ཚོགས་ཆེན་སྐབས་གསུམ་པར་ཞུགས་པའི་ཐེ་ཝན་གྱི་ཚོང་བའི་འཐུས་མི་རྣམས་ལ་མཇལ་འཕྲད་གནང་བ་མ་ཟད་གསུངས་བཤད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-22 11:01

333.jpg

  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་སྤྱི་ཟླ5བའི་ཚེས21ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཡོངས་ཐེ་ཝན་སྤུན་ཟླའི་དངུལ་གཏོང་ཁེ་ལས་མཛའ་འབྲེལ་ཚོགས་པའི་ཁོངས་མིའི་འཐུས་མིའི་ཚོགས་ཆེན་སྐབས་གསུམ་པར་ཞུགས་པའི་ཐེ་ཝན་གྱི་ཚོང་བའི་འཐུས་མི་རྣམས་ལ་མཇལ་འཕྲད་གནང་བ་མ་ཟད་གསུངས་བཤད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་སྤྱི་ཟླ5བའི་ཚེས21ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཡོངས་ཐེ་ཝན་སྤུན་ཟླའི་དངུལ་གཏོང་ཁེ་ལས་མཛའ་འབྲེལ་ཚོགས་པའི་ཁོངས་མིའི་འཐུས་མིའི་ཚོགས་ཆེན་སྐབས་གསུམ་པར་ཞུགས་པའི་ཐེ་ཝན་གྱི་ཚོང་བའི་འཐུས་མི་རྣམས་ལ་མཇལ་འཕྲད་གནང་བ་མ་ཟད་གསུངས་བཤད་གནང་།

  ཡུས་ཀྲིན་ཧྲིན་གྱིས་བསྟན་དོན། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་སུ་གཏོང་བའི་བྱ་བ་སྔར་ལས་ཇེ་བརྟན་ཇེ་ཟབ་ཏུ་གཏོང་བའི་དུས་རིམ་དུ་བསླེབས་པ་དང་། འགྲམ་གཉིས་ཀྱི་དཔལ་འབྱོར་མཉམ་ལས་ཀྱི་མདུན་ལྗོངས་རྒྱ་ཆེ་བས། རྒྱ་ཆེའི་ཐེ་ཝན་གྱི་ཚོང་བས་གོ་སྐབས་དམ་འཛིན་བྱས་ནས། འགྲམ་གཉིས་ཀྱི་དཔལ་འབྱོར་མཉམ་ལས་ཁྲོད་ནས་སྔར་ལས་འཕེལ་རྒྱས་སུ་གཏོང་བར་ཤུགས་སྣོན་དགོས། ང་ཚོས་མུ་མཐུད་དུ་འགྲམ་གཉིས་ནི་ཁྱིམ་ཚང་གཅིག་ཡིན་པའི་འདུ་ཤེས་བཅངས་ནས། ཐེ་ཝན་གྱི་ཁེ་ལས་སྐམ་ས་ཆེན་མོ་ནས་འཕེལ་རྒྱས་སུ་འགྲོ་བར་ཁོར་ཡུག་དང་ཆ་རྐྱེན་སྔར་ལས་བཟང་བོ་ཞིག་གསར་བསྐྲུན་བྱས་ཏེ། ཐེ་ཝན་སྤུན་ཟླར་དོན་བཟང་སྔར་ལས་མང་བོ་བསྒྲུབ་རྒྱུ་ཡིན་ཟེར།

  ཡུས་ཧྲིན་ཧྲིན་གྱིས་ཐེ་ཝན་ཁེ་ལས་མཛའ་འབྲེལ་ཚོགས་པ་བཙུགས་ནས་ལོ་དྲུག་གི་རིང་ལ་བསྒྲུབས་པའི་ཕན་འབྲས་ལ་ཁས་ལེན་གང་ལེགས་མཛད། ཁོང་གིས་ཐེ་ཝན་ཁེ་ལས་མཛའ་འབྲེལ་ཚོགས་པས་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་བྱས་ནས། ཐེ་ཝན་གྱི་ཚོང་བར་ཞབས་ཕྱི་སྒྲུབ་པ་དང་། འགྲམ་གཉིས་ཀྱི་དཔལ་འབྱོར་བརྗེ་རེས་བྱ་བར་ཡར་སྐུལ་བྱེད་པ་དམིགས་ཡུལ་བྱས་ནས། རྒྱ་ཆེའི་ཐེ་ཝན་གྱི་ཚོང་བ་རྣམས་དང་མཐུན་སྒྲིལ་དམ་པོ་བྱེད་དགོས་པ་དང་། སྔར་ལས་རང་རྟོགས་སྒོས་འགྲམ་གཉིས་ཀྱི་བརྗེ་རེས་བྱ་བར་ཞུགས་ནས། འགྲམ་གཉིས་ཀྱི་དཔལ་འབྱོར་མཉམ་ལས་བྱ་བར་ཡར་སྐུལ་བྱེད་དགོས་ལ། འགྲམ་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག