མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་གིས་ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལ་ཧི་མིན་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-22 11:01

04.jpg

  སྤྱི་ཟླ5བའི་ཚེས20ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལ་ཧི་མིན་ལ་མཇལ་འཕྲད་གནང་། 
   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་སྤྱི་ཟླ5བའི་ཚེས20ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལ་ཧི་མིན་ལ་མཇལ་འཕྲད་གནང་། ཀྲང་ཏི་ཅང་གིས་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཙུང་ཐུང་ལགས་ཀྱིས་ཀྲུང་གོ་ཐ་ཅི་ཁི་སི་ཐན་བར་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པ་ཁྱབ་བསྒྲགས་བྱས་པ་དེ་ལས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་དེ་ཆུ་ཚད་སྔར་ལས་མཐོན་པོ་ཞིག་ཏུ་ཕྱིན་པ་དང་། འཕེལ་རྒྱས་ཀྱི་དུས་སྐབས་གསར་བར་ཞུགས་པ་མཚོན། ཀྲུང་གོ་ཕྱོགས་ཀྱིས་ཐ་ཅི་ཁི་སི་ཐན་དང་ལྷན་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་མགོ་ཁྲིད་པའི་བར་གྲོས་ཁ་འཆམ་པའི་ཐུན་མོང་གི་ལྟ་བ་གལ་ཆེན་དང་མཉམ་ལས་གྲོས་མཐུན་ནན་ཏན་གྱིས་དངོས་འབེབས་བྱེད་པ་དང་། སྒོ་ཀུན་ནས་འཐབ་ཇུས་མཉམ་ལས་བྱས་ཏེ། ཀྲུང་གོ་དང་ཐ་ཅི་སི་ཐན་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་འདོད་ཡོད་པ་དང་། ཀྲུང་གོ་དང་ཐ་ཅི་སི་ཐན་གྲོས་ཁང་བར་གྱི་མཉམ་ལས་དེས་རྒྱལ་ཁབ་གཉིས་ཀའི་ཁྱིམ་མཚེས་མཛའ་མཐུན་གྱི་ཆབ་སྲིད་དང་སྤྱི་ཚོགས་རྨང་གཞི་ཇེ་བརྟན་དུ་བཏང་བ་དང་། ཕྱོགས་གཉིས་ཀའི་འབྲེལ་བ་ཇེ་བཟང་དུ་གཏོང་བར་ཡར་སྐུལ་བཏང་། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་མུ་མཐུད་དུ་ཐ་ཅི་ཁི་སི་ཐན་གྲོས་ཁང་བར་གྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། མཛའ་མཐུན་འགྲོ་འོངས་ལ་སྔར་ལས་ཡར་སྐུལ། རྒྱུས་ལོན་དང་མཛའ་བརྩེ་ཇེ་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ཐ་ཅི་ཁི་སི་ཐན་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་འདོད་ཡོད་ཅེས་གསུངས།
  ལ་ཧིན་མིན་གྱིས་ཐ་ཅི་ཁི་སི་ཐན་དང་ཀྲུང་གོ་ནི་ཕན་ཚུན་ལ་ཡིད་ཆེས་བ་དང་། ཕན་ཚུན་ལ་རོགས་རམ་དང་རྒྱབ་སྐྱོར་བྱེད་པའི་གྲོགས་པོ་བཟང་བོ་ཡིན་པས། ཐ་ཅི་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་བར་གྱི་བརྗེ་རེས་དང་མཉམ་ལས་གཙིགས་འཛིན་བྱེད་ཀྱིན་ཡོད་པ་དང་། རེ་བ་ལ་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པའི་གོ་སྐབས་དང་བསྟུན་ནས། ཐ་ཅི་ཁི་སི་ཐན་དང་ཀྲུང་གོའི་བར་གྱི་མཛའ་མཐུན་མཉམ་ལས་དེ་ཆུ་ཚད་གསར་བ་ཞིག་ཏུ་ཇེ་མཐོར་གཏོང་རྒྱུ་དེ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག