མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་རྒྱ་གར་ཙུང་ལི་ཞིན་ཀི་ལ་མཇལ་འཕྲད་གནང་བ།

རྩོམ་པ་པོ། ལོ་ཙཱ་བ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-05-20 11:52

124732720_21n.jpg

    ཟླ་ལྔ་བའི་ཚེས་བཅུ་དགུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་དྷི་ལི་གསར་བ་ནས་རྒྱ་གར་ཙུང་ལི་ཞིན་ཀི་ལ་མཇལ་འཕྲད་གནང་།

    ཞིན་ཧྭ་གསར་འགྱུར་དྲ་བའི་རླུང་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་དགུ་ཉིན་དྷི་ལི་གསར་བ་ནས་རྒྱ་གར་གྱི་ཙུང་ལི་ཞིན་ཀི་ལ་མཇལ་འཕྲད་གནང་བར་མ་ཟད་དགོང་མོའི་གསོལ་སྟོན་ལ་ཞུགས། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་རྒྱ་གར་བར་གྱི་འབྲེལ་བ་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་མཛད།

    མཇལ་འཕྲད་གནང་སྐབས་ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་རྒྱ་གར་གཉིས་ནི་ཁྱིམ་མཚེས་རྒྱལ་ཁབ་དང་འཛམ་གླིང་སྟེང་དུ་མི་གྲངས་ཆེས་མང་བའི་གསར་དར་ཚོང་རའི་རྒྱལ་ཁབ་ཡིན་པས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཐབ་ཇུས་རང་བཞིན་གྱི་དོན་སྙིང་གལ་ཆེན་ཡོད། ཀྲུང་གོ་དང་རྒྱ་གར་གཉིས་ཀྱིས་དངོས་གཉེར་མཉམ་ལས་ལ་ཤུགས་བསྣན་ནས་ཐུན་མོང་གི་འཕེལ་རྒྱས་མངོན་འགྱུར་བྱེད་པ་དེས་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་། ས་གནས་རང་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས། དར་རྒྱས་བཅས་ཀྱི་ཐད་ལ་ནུས་པ་ཆེན་པོ་འདོན་ངེས་ཡིན་ཟེར།

    ཞིན་ཀི་ཡིས་བཤད་རྒྱུར། རྒྱ་གར་སྲིད་གཞུང་དང་མི་དམངས་ཀྱིས་ཙུང་ལི་ལིས་ཁི་ཆང་གིས་འགན་བཞེས་རྗེས་ཐོག་མར་རྒྱ་གར་ལ་འཚམས་འདྲིར་ཡོང་བར་གཟེངས་བསྟོད་བྱེད་བཞིན་ཡོད། བདག་གིས་དུས་དང་རྣམ་པ་ཀུན་ཏུ་རྒྱ་གར་དང་ཀྲུང་གོ་ནི་མཉམ་ལས་ཀྱི་གྲོགས་པོ་ཡིན་པ་ལས་འགྲན་ཡ་མིན་ལ། རྒྱ་གར་དང་ཀྲུང་གོ་བར་གྱི་མཉམ་ལས་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ཐད་ལ་དོན་སྙིང་གལ་ཆེན་ཡོད་པར་འདོད་ཡོད། རྒྱ་གར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་དངོས་གཉེར་མཉམ་ལས་སྐུལ་འདེད་གཏོང་བ་དང་། མཐའ་མཚམས་ཀྱི་འགལ་བ་སྣ་ཚོགས་ལ་དོ་དམ་དང་ཚོད་འཛིན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག