མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་རྒྱ་གར་དུ་དངོས་གཞིའི་འཚམས་འདྲི་མཛད་མགོ་བརྩམས་པ།

རྩོམ་པ་པོ། ལོ་ཙཱ་བ། ཀླུ་འབུམ་བྱམས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-05-20 11:52

01.jpg

    ས་དེའི་དུས་ཚོད་ཀྱི་ཟླ་ལྔ་བའི་ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་ཡས་མས་སུ། ཀྲུང་གོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཆེད་བཏང་གནམ་གྲུར་བཞུགས་ཏེ་རྒྱ་གར་གྱི་རྒྱལ་ས་དྷི་ལི་གསར་བར་འབྱོར་ཏེ། རྒྱ་གར་དུ་དངོས་གཞིའི་འཚམས་འདྲི་མཛད་མགོ་བརྩམས། རྒྱ་གར་ནི་ལིས་ཁི་ཆང་ཐེངས་འདིར་ཨེ་ཤ་ཡའི་རྒྱལ་ཁབ་བཞིར་འཚམས་འདྲིར་སྐྱོད་པའི་ས་ཚིགས་དང་པོ་རེད།

    ཞིན་ཧྭ་གསར་འགྱུར་དྲ་བའི་རླུང་འཕྲིན། ས་དེའི་དུས་ཚོད་ཀྱི་ཟླ་ལྔ་བའི་ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་ཡས་མས་སུ། ཀྲུང་གོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཆེད་བཏང་གནམ་གྲུར་བཞུགས་ཏེ་རྒྱ་གར་གྱི་རྒྱལ་ས་དྷི་ལི་གསར་བར་འབྱོར་ཏེ། རྒྱ་གར་དུ་དངོས་གཞིའི་འཚམས་འདྲི་མཛད་མགོ་བརྩམས། རྒྱ་གར་ནི་ལིས་ཁི་ཆང་ཐེངས་འདིར་ཨེ་ཤ་ཡའི་རྒྱལ་ཁབ་བཞིར་འཚམས་འདྲིར་སྐྱོད་པའི་ས་ཚིགས་དང་པོ་རེད།

    ལིས་ཁི་ཆང་གིས་གནམ་གྲུ་ཐང་ནས་ཡིག་ཐོག་གསུང་བཤད་གནང་། ཁོང་གིས་ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་ནི་རི་ཀླུང་གཞི་གཅིག་སྦྲེལ་བའི་ཁྱིམ་མཚེས་བཟང་བོ་ཡིན་ལ། ལོ་སྟོང་ཕྲག་འགའི་རིང་། ཀྲུང་ཧྭའི་ཤེས་རིག་དང་རྒྱ་གར་གྱི་ཤེས་རིག་གཉིས་ཕན་ཚུན་བརྗེ་རེས་བྱས་ཏེ། མིའི་རིགས་ཡར་ཐོན་འབྱུང་བར་བྱས་རྗེས་ཆེན་པོ་བཞག ཕན་ཚུན་བར་འབྲེལ་བ་བཙུགས་པ་ནས་བཟུང་། ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་འཕེལ་རྒྱས་ཆེན་པོ་བྱུང་། དུས་རབས་གསར་བར་སླེབས་པའི་ཚུན་ལ། ཕྱོགས་གཉིས་ཀས་འབད་བརྩོན་བྱས་འོག ཀྲུང་གོ་དང་རྒྱ་གར་བར་གྱི་ཆབ་སྲིད་འགྲོ་འོངས་ཉིན་བཞིན་ཇེ་དམ་དུ་སོང་བ་དང་། དངོས་གཉེར་མཉམ་ལས་མུ་མཐུད་དུ་རྒྱ་བསྐྱེད་པ་དང་། ཁེ་ཕན་མཉམ་ལས་རྒྱུན་ཆད་མེད་པར་ཇེ་ཟབ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་དུ་འབྲེལ་འདྲིས་དང་མཐུན་སྦྱོར་ལེགས་པོ་བྱས། ད་ལྟའི་འཛམ་གླིང་སྟེང་གི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེས་ཆེན་པོ་གཉིས་པའི་ངོས་ནས། ཀྲུང་གོ་དང་རྒྱ་གར་བར་གྱི་འབྲེལ་བ་དེ་རྒྱུན་སྲིང་དང་སྐྱོན་བྲལ། བརྟན་པོའི་ངང་འཕེལ་རྒྱས་སུ་གཏོང་རྒྱུ་དེ། རྒྱལ་ཁབ་གཉིས་ཀའི་རྩ་བའི་ཁེ་ཕན་དང་མཐུན་ལ། ཨེ་ཤ་ཡ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ལའང་ཕན་ཐོགས་པ་རེད་ཅེས་བསྟན།

    ལིས་ཁི་ཆང་གིས་ཀྲུང་གོ་སྲིད་གཞུང་གིས་རྒྱ་གར་བར་གྱི་འབྲེལ་བ་གོང་དུ་སྤེལ་བར་གཙིགས་འཛིན་དང་། རྒྱ་གར་ནི་གྲོགས་པོ་གཙོ་བོར་བརྩི་བཞིན་ཡོད་པས། ཐེངས་འདིའི་འཚམས་འདྲི་ལས་བརྗེ་རེས་ལ་ཡར་སྐུལ་དང་། ཉམས་ལས་ཇེ་ཟབ། ཕན་ཚུན་གྱི་ཡིད་ཆེས་ཇེ་ཆེ། མཛའ་བརྩེ་ཇེ་བརྟན་དུ་གཏོང་བའི་དམིགས་ཡུལ་དུ་སླེབས་པ་དང་། ཀྲུང་གོ་དང་རྒྱ་གར་གཉིས་ཀྱི་ཞི་བདེ་དང་དར་རྒྱས་ལ་ཁ་ཕྱོགས་པའི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་སྟོབས་ཤུགས་གསར་སྣོན་ཐུབ་པར་ཡིད་ཆེས་ཡོད་ཅེས་གསུངས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག