མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་མ་ལ་སུང་རྒྱང་རྒྱུག་རྟིང་རྩོད་འགྲན་སྡུར་སྟེང་མཚོ་སྔོན་གྱི་ལུས་རྩལ་པ་དབྱིན་ཧྲོན་ཅིན་གྱིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་ཚན་ཁག་གི་ཨང་དང་པོ་བླངས་པ།

རྩོམ་པ་པོ། ལོ་ཙཱ་བ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-05-20 10:37

2013ལོའི་དབྱིན་ཁུག་པ་ཡུས་ཆོན་རྒྱལ་སྤྱིའི་མ་ལ་སུང་རྒྱང་རྒྱུག་འགྲན་སྡུར་དང་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་མ་ལ་སུང་རྒྱང་རྒྱུག་རྟིང་རྩོད་འགྲན་སྡུར་སྟེང་མཚོ་སྔོན་གྱི་ལུས་རྩལ་པ་དབྱིན་ཧྲོན་ཅིན་གྱིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་ཚན་ཁག་གི་ཨང་དང་པོ་བླངས།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས18ཉིན་གྱི་སྔ་དྲོའི་དུས་ཚོད་བརྒྱད་དང་སྐར་མ་སུམ་ཅུའི་སྟེང་ལེའོ་ཉིན་ཞིང་ཆེན་གྱི་དབྱིན་ཁུག་པ་ཡུས་ཆོན་ཧྲི་ཅི་ཐང་ཆེན་ནས་2013ལོའི་དབྱིན་ཁུག་པ་ཡུས་ཆོན་རྒྱལ་སྤྱིའི་མ་ལ་སུང་རྒྱང་རྒྱུག་འགྲན་སྡུར་དང་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་མ་ལ་སུང་རྒྱང་རྒྱུག་རྟིང་རྩོད་འགྲན་སྡུར་བྱས་པ་དང་། མཚོ་སྔོན་གྱི་ལུས་རྩལ་པ་དབྱིན་ཧྲོན་ཅིན་གྱིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་ཚན་ཁག་གི་ཨང་དང་པོ་བླངས། ཁོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྟེང་མཚོ་སྔོན་འཐུས་ཚབ་ཚོགས་པར་གསེར་གྱི་རྟགས་མ་དང་པོ་བླངས་པ་དང་། དེ་ནི1993ལོའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་རྗེས་སུ་མཚོ་སྔོན་གྱི་ལུས་རྩལ་པས་ཡང་བསྐྱར་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྟེང་གསེར་གྱི་རྟགས་མ་བླངས་པ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག