མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཐེ་ཧུའུ་རིག་གནས་གླེང་ཀྱི་ལོ་ཚོགས་སྐབས་གཉིས་པ་ཧང་ཀྲིག་ནས་ཚོགས་མགོ་བརྩམས་པ།

རྩོམ་པ་པོ། ལོ་ཙཱ་བ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-05-19 10:21

ཟླ5བའི་ཚེས18ཉིན་གྱི་སྔ་དྲོར། ཐེ་ཧུའུ་རིག་གནས་གླེང་སྟེགས་ཀྱི་ལོ་ཚོགས་སྐབས་གཉིས་པ་ཧང་ཀྲིག་ནས་ཚོགས་མགོ་བརྩམས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་ལོ་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད། ཁ་ཡིག་ལ“རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་བསྣན་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་དགོས”ཞེས་པའི་གསུངས་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐེ་ཧུའུ་རིག་གནས་གླེང་སྟེགས་ཀྱི་ལོ་ཚོགས་སྐབས་གཉིས་པ་ཚེས18ཉིན་གྱི་སྔ་དྲོར་ཧང་ཀྲིག་ནས་ཚོགས་མགོ་བརྩམས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་ལོ་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད། ཁ་ཡིག་ལ“རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་བསྣན་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་དགོས”ཞེས་པའི་གསུངས་བཤད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཐོག་མར་ཀྲུང་གོ་སྲིད་གཞུང་གི་ཚབ་མཛད་དེ་ཚོགས་འདུར་ཞུགས་པའི་མགྲོན་པོ་རྣམས་ལ་དགའ་བསུ་ཞུས་པར་མ་ཟད་ལོ་ཚོགས་ཚོགས་པར་རྟེན་འབྲེལ་ཞུས། ཁོང་གིས་གསུངས་རྒྱུར། དེང་སྐབས་འཛམ་གླིང་ཡོངས་སུ་ནམ་ཟླའི་འགྱུར་ལྡོག་དང་ནུས་ཁུངས་ཐོན་ཁུངས་བདེ་འཇགས། སྐྱེས་དངོས་སྣ་ཚོགས་སྲུང་སྐྱོབ་སོགས་འཛམ་གླིང་རང་བཞིན་གྱི་ཐོན་ཁུངས་ཁོར་ཡུག་གནད་དོན་ཐད་ཀྱི་འགྲན་རྩོད་ཉིན་རེར་ཛ་དྲག་ཏུ་འགྲོ་བཞིན་ཡོད་པ་དང་། ལྷད་མེད་འཕེལ་རྒྱས་དང་འཁོར་རྒྱུགས་དཔལ་འབྱོར་རིམ་བཞིན་འཛམ་གླིང་གི་འཕེལ་ཕྱོགས་གལ་ཆེན་དུ་འགྱུར་བཞིན་ཡོད། ང་ཚོའི་བུ་རབས་ཚ་རྒྱུད་ལ་ཅི་ལྟ་བུའི་སའི་གོ་ལ་ཞིག་འཇོག་རྒྱུ་ནི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་མཉམ་དུ་སེམས་ཁུར་བྱེད་པའི་བརྗོད་གཞི་གལ་ཆེན་ཞིག་ཡིན་པས། ཐེངས་འདིའི་གླེང་སྟེགས་ཀྱིས་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་བསྣན་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་དགོས་ཞེས་པ་བརྗོད་དོན་གཙོ་བོར་བཞག་པར་དོན་སྙིང་གལ་ཆེན་ཡོད་ཟེར།

ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྟེང་ཐོག་དང་པོར་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་རྒྱུ་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་སྤྱིའི་བཀོད་སྒྲིག་ནང་དུ་བཞག་པར་མ་ཟད། ཤུགས་ཆེན་པོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་པའི་སྤྱིའི་རེ་བ་བཏོན་པས། ང་ཚོས་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱེད་ངེས་ཡིན་ཟེར།

མོ་ཙམ་པི་ཁིའི་ཙུང་ཐུང་ཀི་པུའུ་ཀྲ་དང་ཨན་ཐིས་ཀཱ་དང་པ་པུའུ་ཏའི་ཙུང་ཏུའུ་ལའེ་ཁི་ཐ་ཁི། ཞི་ལའི་ཙུང་ལི་སཱ་མ་ལ་སི་སོགས་ཀྱིས་ལོ་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཤིས་ཚིག་ཕུལ།

ལོ་ཚོགས་མགོ་མ་བརྩམས་པའི་སྔོན་ལ། ཡུས་ཀྲིན་ཧྲིན་གྱིས་ལོ་ཚོགས་ལ་ཞུགས་པར་ཡོང་བའི་ཧི་ལན་རྒྱལ་ཁབ་ཀྱི་སྔོན་ཆད་ཀྱི་དབུགས་བཞུགས་བློན་ཆེན་ལོས་པེ་ཨར་སི་དང་ཧི་ལན་གྱི་ཀོང་ཇོ་ཨེ་ལིན། དེ་མིན་མགྲོན་པོ་སྐོར་ཞིག་ལ་མཇལ་འཕྲད་གནང་། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག