མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཨེར་ལན་དམངས་གྲོས་ཁང་གི་གྲོས་དཔོན་པ་ལོས་ཐི་དང་གྲོས་ཞུགས་ཁང་གི་གྲོས་དཔོན་པའོ་ཁི་གཉིས་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-18 12:22

124728193_51n.jpg

    ཟླ་ལྔ་བའི་ཚེས་བཅུ་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨེར་ལན་དམངས་གྲོས་ཁང་གི་གྲོས་དཔོན་པ་ལོས་ཐི་དང་གྲོས་ཞུགས་ཁང་གི་གྲོས་དཔོན་པའོ་ཁི་གཉིས་ལ་མཇལ་འཕྲད་གནང་།

    ཞིན་ཧྭ་གསར་འགྱུར་དྲ་བའི་འཕྲིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་བདུན་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨེར་ལན་དམངས་གྲོས་ཁང་གི་གྲོས་དཔོན་པ་ལོས་ཐི་དང་གྲོས་ཞུགས་ཁང་གི་གྲོས་དཔོན་པའོ་ཁི་གཉིས་ལ་མཇལ་འཕྲད་གནང་།

    མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་ཀྲུང་གོའི་གཞི་རྩའི་གནས་ཚུལ་དང་འཕེལ་རྒྱས་གནས་ཚུལ་མཚམས་སྦྱོར་མཛད། ཁོང་གིས་གསུངས་རྒྱུར། ཀྲུང་གོས་བཅོས་སྒྱུར་སྒོ་འབྱེད་སྲིད་ཇུས་ལག་བསྟར་བྱས་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཤིང་། དེའི་ནང་གི་ཆེས་རྩ་བའི་རྒྱུ་རྐྱེན་ཞིག་ནི་ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཞིག་རྙེད་པ་དེ་ཡིན་ལ། ཡང་དག་པའི་འཕེལ་རྒྱས་བགྲོད་ལམ་དུ་ང་ཚོ་བློ་བརྟན་འགྱུར་མེད་སྒོས་འགྲོ་ངེས་ཡིན། ཀྲུང་གོའི་འཕེལ་རྒྱས་ཀྱིས་ཨེར་ལན་དང་བཅས་པའི་འཛམ་གླིང་གི་རྒྱལ་ཁབ་སོ་སོར་རྒྱ་ཆེ་བའི་ཚོང་ར་དང་ཐོབ་དཀའ་བའི་གོ་སྐབས་འདོན་སྤྲོད་བྱེད་པར་མ་ཟད། འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས། དར་རྒྱས་བཅས་ཀྱི་ཐད་ལ་བྱས་རྗེས་འཇོག་ངེས་ཡིན་ཟེར།

    པ་ལོས་ཐི་དང་པའོ་ཁི་གཉིས་ཀྱིས་བཤད་རྒྱུར། ཨེར་ལན་ཕྱོགས་ཀྱིས་ཀྲུང་གོའི་ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་པ་དང་། མི་དམངས་བར་གྱི་རྒྱུས་ལོན་དང་མཛའ་བཤེས་ཇེ་ཟབ་ཏུ་བཏང་ནས་མཉམ་དུ་ཨེར་ལན་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

    ལོ་ཙཱ་བ། བཀྲ་ཤིས་འབུམ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག