མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཆུར་འཛུལ་སྔོན་ཐོན་ལས་ཁུངས་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་གྱི་འཐུས་མིར་མཇལ་འཕྲད་གནང་བ།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-18 12:22

666.jpg

    ཟླ་ལྔ་བའི་ཚེས་བཅུ་བདུན་ཉིན། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕེན་དང་ལིས་ཁི་ཆང་། ལིག་ཡུན་ཧྲན། ཀྲང་ཀའོ་ལིས་བཅས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཆུར་འཛུལ་སྔོན་ཐོན་ལས་ཁུངས་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་གྱི་འཐུས་མི་ལ་མཇལ་འཕྲད་གནང་།

    ཞིན་ཧྭ་གསར་འགྱུར་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཆུར་འཛུལ་སྔོན་ཐོན་ལས་ཁུངས་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་གྱི་འཐུས་མིར་མཇལ་འཕྲད་གནང་སྟེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ། གཡུ་འབྲུག་རྟགསར་ཅན་གྱི་ཆུར་འཛུལ་ཚོད་ལྟའི་ལས་འགན་རྒྱལ་ཁའི་ངང་ཡོངས་འགྲུབ་བྱས་པའི་རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་དང་། ལས་བྱེད་ལས་བཟོ་བ་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་དང་ལྷག་བསམ་རྣམ་དག་གིས་འཚམས་འདྲི་མཛད་པ་མ་ཟད། ཚང་མས་མཐུན་སྒྲིལ་ཡར་བརྩོན་དང་གསར་སྤེལ་ལྷོད་མེད་བྱས་ཏེ། རང་རྒྱལ་གྱི་རྒྱ་མཚོའི་ལས་དོན་རྒྱུན་ཆད་མེད་པར་བརྒལ་གཏོར་གསར་བ་འབྱུང་བར་བྱས་ནས། རྒྱ་མཚོའི་ལས་དོན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་སྐུལ་མ་གནང་།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིག་ཡུན་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་བཅས་མཇལ་འཕྲད་ལ་ཞུགས།

    སྔ་དྲོའི་དུས་ཚོད་བཅུའི་སྟེང་། ཞི་ཅིན་ཕེན་སོགས་ཀྲུང་དབྱང་གི་མགོ་ཁྲིད་བློ་མཐུན་མི་དམངས་ཚོགས་ཁང་ཆེན་མོ་རུ་འཐུས་མི་རྣམས་ཀྱི་ཁྲོད་དུ་ཕེབས་པ་ན། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས། ཞི་ཅིན་ཕེན་གྱིས་འཐུས་མི་རྣམས་ལ་བརྩེ་བའི་ཕྱག་འཇུ་གནང་བ་མ་ཟད། ཐུགས་ཁུར་ཆེན་པོས་ཁོ་ཚོའི་བྱ་བ་དང་ལུས་ཕུང་གི་གནས་ཚུལ་ཞིབ་འདྲི་མཛད། དེའི་རྗེས་སུ་ཞི་ཅིན་ཕེན་སོགས་ཀྱིས་དགའ་སྤྲོའི་ངང་ཚང་མ་དང་མཉམ་དུ་དྲན་རྟེན་གྱི་པར་བླངས།

    ཉིས་སྟོང་གཉིས་ལོར། གཡུ་འབྲུག་རྟགས་ཅན་དེ་རྒྱལ་ཁབ་ཀྱི863འཆར་གཞིའི་ཆེད་དོན་ལས་གཞི་གལ་ཆེན་གྱི་གྲས་སུ་བཞག་སྟེ། རྒྱལ་ཁབ་རྒྱ་མཚོ་ཅུའུ་ཡིས་རྩ་འཛུགས་ལག་བསྟར་བྱས་པ་དང་། རྒྱལ་ཡོངས་ཀྱི་ཚན་རིག་ཞིབ་འཇུགས་ལས་ཁུངས་བརྒྱ་ལྷག་མཉམ་འབྲེལ་གསར་བཟོ་དང་རང་བདག་ཇུས་འགོད། ཐུན་མིང་གསར་སྤེལ་བཅས་ཀྱི་ཁྲོད་དུ་ཞུགས། ཉིས་སྟོང་བཅུ་གཉིས་ལོའི་ཟླ་དྲུག་པར་གཡུ་འབྲུག་རྟགས་ཅན་མུས་སྟོང་བདུན་ལྷག་གི་རྒྱ་མཚོའི་གཏིང་དུ་འཛུལ་བ་དང་། དེས་རང་རྒྱལ་ལ་འཛམ་གླིང་གི་མཚོ་ཁོངས་བརྒྱ་ཆའི་གོ་དགུ་གྲངས་ཆུང་བརྒྱད་ཀྱི་མཚོ་གཏིང་ཐོན་ཁུངས་ལ་ཞིབ་འཇུག་དང་རྩད་ཞིབ་བྱེད་པའི་ནུས་པ་ཡོད་པ་མཚོན་ལ། རང་རྒྱལ་གྱི་ཆུར་འཛུལ་ལག་རྩལ་འཛམ་གླིང་གི་སྔོན་གྲལ་དུ་བསླེབས་པ་མཚོན་ཡོད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག