མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་སོ་སོར་མོ་ཙམ་པི་ཁིའི་ཙུང་ཐུང་དང་ཨན་ཐིས་ཀཱ་དང་པ་པུའུ་ཏའི་ཙུང་ཏུའུ་ལ་མཇལ་འཕྲད་གནང་བ།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-18 12:21

999-2.jpg

    ཟླ་ལྔ་བའི་ཚེས་བཅུ་བདུན་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཀྲེ་ཅང་ཞིང་ཆེན་ཧང་ཀྲིག་གྲོང་ཁྱེར་ནས་ཀྲུང་གོར་ཐེ་ཧུའུ་རིག་གནས་གླེང་སྟེགས་ཀྱི་ལོ་ཚོགས་སྐབས་གཉིས་པར་ཞུགས་སུ་ཡོང་བའི་མོ་ཙམ་པི་ཁིའི་ཙུང་ཐུང་ཀི་པུའུ་ཀྲ་ལ་མཇལ་འཕྲད་གནང་།

    ཞིན་ཧྭ་གསར་འགྱུར་དྲ་བའི་འཕྲིན། ཟླ་ལྔ་བའི་ཚེས་བཅུ་བདུན་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཀྲེ་ཅང་ཞིང་ཆེན་ཧང་ཀྲིག་གྲོང་ཁྱེར་ནས་ཀྲུང་གོར་ཐེ་ཧུའུ་རིག་གནས་གླེང་སྟེགས་ཀྱི་ལོ་ཚོགས་སྐབས་གཉིས་པར་ཞུགས་སུ་ཡོང་བའི་ཨན་ཐིས་ཀཱ་དང་པ་པུའུ་ཏའི་ཙུང་ཏུའུ་ལའེ་ཁི་ཐ་ཁི་ལ་མཇལ་འཕྲད་གནང་།

    རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས་བཅུ་བདུན་ཉིན་ཧང་ཀྲིག་གྲོང་ཁྱེར་ནས་སོ་སོར་ཀྲུང་གོར་ཐེ་ཧུའུ་རིག་གནས་གླེང་སྟེགས་ཀྱི་ལོ་ཚོགས་སྐབས་གཉིས་པར་ཞུགས་སུ་ཡོང་བའི་མོ་ཙམ་པི་ཁིའི་ཙུང་ཐུང་ཀི་པུའུ་ཀྲང་དང་ཨན་ཐིས་ཀཱ་དང་པ་པུའུ་ཏའི་ཙུང་ཏུའུ་ལའེ་ཁི་ཐ་ཁི་གཉིས་ལ་མཇལ་འཕྲད་གནང་།

    ཀི་པུའུ་ཀྲ་ལ་མཇལ་འཕྲད་གནང་སྐབས། ཡུས་ཀྲིན་ཧྲིན་གྱིས་ཀྲུང་གོས་ཀྲུང་གོ་དང་མོ་ཙམ་པི་ཁིའི་འབྲེལ་བ་གོང་འཕེལ་དུ་གཏོང་བར་མཐོང་ཆེན་བྱེད་བཞིན་ཡོད་ལ། མོ་ཙམ་པི་ཁི་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་བར་བྱུང་བའི་འབྲེལ་ཡོད་ལྟ་ཚུལ་དངོས་འབེབ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་འདོད་ཡོད་ཅེས་གསུངས།

    ཀི་པུའུ་ཀྲ་ཡིས་མོ་ཙམ་པི་ཁིས་ཀྲུང་གོའི་བར་གྱི་ཞིང་ལས་དང་ནུས་ཁུངས། རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། མཉམ་དུ་རྒྱུན་བསྲིང་འཕེལ་རྒྱས་མངོན་འགྱུར་བྱེད་འདོད་ཡོད་ཅེས་བཤད།

    ལའེ་ཁི་ཐ་ཁི་ལ་མཇལ་འཕྲད་གནང་སྐབས། ཡུས་ཀྲིན་ཧྲིན་གྱིས་ཕྱོགས་གཉིས་བར་འབྲེལ་བ་བཙུགས་རྗེས། ཀྲུང་གོ་དང་ཨན་ཐིས་ཀཱ་དང་པ་པུའུ་ཏའི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཕྱོགས་ཡོངས་ནས་གོང་འཕེལ་དུ་སོང་ཡོད། ཀྲུང་གོས་ཨན་ཐིས་ཀཱ་དང་པ་པུའུ་ཏ་ལ་ལག་རྡང་མཉམ་སྦྲེལ་བྱས་ཏེ་དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བཟང་བོའི་སྒོ་ནས་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས།

    ལའེ་ཁི་ཐ་ཁི་ཡིས་ཨན་ཐིས་ཀཱ་དང་པ་པུའུ་ཏས་ཀྲུང་གོའི་བར་གྱི་གནས་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་དང་མཛའ་མཐུན་འགྲོ་འོང་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་གོང་འཕེལ་དུ་གཏོང་འདོད་ཡོད་ཅེས་བཤད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག