མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཝང་ཆི་ཧྲན་ཉིས་སྟོང་བཅུ་གསུམ་ལོའི་ཀྲུང་དབྱང་སྐོར་ཞིབ་བྱ་བའི་སྐུལ་སློང་དང་གསོ་སྦྱོང་ཚོགས་འདུར་ཞུགས་ཏེ་གསུངས་བཤད་གནང་བ།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-18 12:21

101010.jpg

    ཟླ་ལྔ་བའི་ཚེས་བཅུ་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཀྲུང་དབྱང་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཆི་ཧྲན་ཉིས་སྟོང་བཅུ་གསུམ་ལོའི་ཀྲུང་དབྱང་སྐོར་ཞིབ་བྱ་བའི་སྐུལ་སློང་དང་གསོ་སྦྱོང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་།

    ཞིན་ཧྭ་གསར་འགྱུར་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཀྲུང་དབྱང་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཆི་ཧྲན་ཚེས་བཅུ་བདུན་ཉིན་ཉིས་སྟོང་བཅུ་གསུམ་ལོའི་ཀྲུང་དབྱང་སྐོར་ཞིབ་བྱ་བའི་སྐུལ་སློང་དང་གསོ་སྦྱོང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་མཛུབ་སྟོན་དུ་འཛིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ངོ་རྒོལ་འཐབ་རྩོད་སྐོར་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དངོས་འབེབ་དང་ལག་བསྟར་ནན་མོ་བྱས་ཏེ། འགན་འཁྲིའི་འདུ་ཤེས་དང་ལས་འགན་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ངོ་རྒོལ་འཐབ་རྩོད་ལ་དམ་དུ་སྦྲེལ་ནས། སྐོར་ཞིབ་བྱ་བ་གཟབ་ནན་གྱིས་སྒྲུབ་སྟེ། གནད་དོན་ཧུར་ཐག་གིས་འཚོལ་བ་དང་རྔམ་ཤུགས་ཡོད་པར་བྱས་ཏེ། རུལ་སུངས་ཀྱི་གནས་ཚུལ་ཁྱབ་པར་བཀག་འགོག་བྱེད་དགོས་ཞེས་ནན་གྱིས་གསུངས།

    ཝང་ཆི་ཧྲན་གྱིས་བསྟན་དོན། སྐོར་ཞིབ་ནི་ཏང་གི་སྒྲིག་ཡིག་གིས་གནང་བའི་འགན་ནུས་གལ་ཆེན་ཡིན་པ་དང་། ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་བྱེད་ཐབས་གལ་ཆེན་ཡིན་ལ། ཏང་གཟབ་ནན་གྱིས་བཅོས་སྐྱོང་བྱེད་པ་དང་ཏང་གི་སྒྲིག་ཁྲིམས་ལ་སྲུང་སྐྱོབ་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་པ་མ་ཟད། ཏང་ནང་ཁུལ་གྱི་ལྟ་རྟོག་ལ་ཤུགས་སྣོན་པའི་ཐབས་ཤེས་གལ་ཆེན་ཡང་ཡིན། དེང་སྐབས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ངོ་རྒོལ་འཐབ་རྩོད་ཀྱི་གནས་བབ་ཧ་ཅང་ཚབས་ཆེ་ལ། ང་ཚོའི་ཏང་གི་མདུན་དུ་ལྷགས་པའི་འགྲན་རྩོད་ལ་ལ་ནི་རྒྱལ་སྤྱིའི་སྟེང་ནས་ཡོང་བ་ཡིན་ཞིང་། ཁ་ཤས་ནི་རྒྱལ་ནང་ནས་ཡོང་བ་ཡིན་པ་དང་། ཆེས་གཙོ་བོ་ནི་ཏང་ནང་ཁུལ་ནས་ཡོང་བ་ཡིན་ཏེ། སྤྱོད་ཚུལ་ངན་པ་ནི་རུལ་སུངས་ནི་ཏང་ནང་ཁུལ་ནས་ཡོང་བའི་འགྲན་རྩོད་ཅིག་ཡིན་པས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དམ་འཛིན་བྱས་ཏེ་རུལ་སུངས་ཀྱི་འབྱུང་ཁུངས་རྩ་བ་ནས་མེད་པར་གཏོང་དགོས། ད་ལོ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་བྱེད་མགོ་རྩོམ་པའི་ལོ་ཡིན་ལ། སྐོར་ཞིབ་བྱ་བར་ཤུགས་སྣོན་དགོས་པ་ལས་ལྷོད་གཡེང་དུ་གཏོང་མི་རུང་ཟེར།

    ཝང་ཆི་ཧྲན་གྱིས་ནན་གྱིས་བསྟན་དོན། སྐོར་ཞིབ་བྱ་བ་སྒྲུབ་སྐབས་གནད་ཆེ་བ་བཞི་འབུར་དུ་ཐོན་པར་བྱེད་དགོས་ཏེ། གཅིག་ནི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ངོ་རྒོལ་འཐབ་རྩོད་ལ་དམ་དུ་སྦྲེལ་ནས། མགོ་ཁྲིད་ལས་བྱེད་པར་རྒྱུ་དབང་བརྗེ་རེས་དང་དབང་ཆ་སྒེར་སྤྱོད། ལྐོག་རྔན་ལེན་པ། རུལ་སུངས་སོགས་ཁྲིམས་འགལ་ལུགས་འགལ་གྱི་གནད་དོན་ཡོད་མེད་ལ་བལྟ་དགོས། གཉིས་ནི་གཏན་ཁེལ་བརྒྱད་ལག་ལེན་མཐའ་འཁྱོལ་བྱས་ཏེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སོགས་ཀྱི་གནད་དོན་ཡོད་མེད་ལ་བལྟས་ཏེ། གནད་དོན་དེ་རིགས་འབྱུང་བར་བཀག་འགོག་བྱེད་དགོས། གསུམ་ནི་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་འགལ་བའི་གནད་དོན་ཡོད་མེད་ལ་བལྟ་དགོས། བཞི་ནི་མི་སྣ་བསྐོ་འཇོག་དང་བཀོལ་སྤྱོད་ཀྱི་ཐད་ནས་སྤྱོད་ཚུལ་ངན་པ་དང་རུལ་སུངས་ཀྱི་གནད་དོན་ཡོད་མེད་ལ་བལྟ་དགོས་པ་བཅས་ཡིན་ཟེར།

    ཝང་ཆི་ཧྲན་གྱིས་སྐོར་ཞིབ་བྱ་བ་སྒྲུབ་སྐབས་བབ་བསྟུན་མདུན་སྐྱོད་དང་དངོས་གཉེར་བདེན་འཚོལ་གྱིས་ཐབས་ཤེས་དང་ཐབས་ལམ་གསར་སྐྲུན་བྱེད་དགོས་ཞེས་བསྟན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག