མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་གིས་ཞི་ལའི་ཙུང་ལི་སཱ་མ་ལ་སི་ལ་མཇལ་འཕྲད་གནང་བ།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-18 12:21

888.jpg

    ཟླ་ལྔ་བའི་ཚེས་བཅུ་བདུན་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཞི་ལའི་ཙུང་ལི་སཱ་མ་ལ་སི་ལ་མཇལ་འཕྲད་གནང་།

    ཞིན་ཧྭ་གསར་འགྱུར་དྲ་བའི་འཕྲིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་བཅུ་བདུན་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཞི་ལའི་ཙུང་ལི་སཱ་མ་ལ་སི་ལ་མཇལ་འཕྲད་གནང་།

    ཀྲང་ཏི་ཅང་གིས་གསུངས་རྒྱུར། ཀྲུང་གོ་དང་ཞི་ལའི་མཛའ་བརྩེ་ཧ་ཅང་ཟབ་སྟེ། ཉིས་སྟོང་དྲུག་ལོར་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་རྗེས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མགྱོགས་མྱུར་ངང་གོང་འཕེལ་དུ་འགྲོ་བའི་དུས་རིམ་གསར་བར་བསླེབས། སྐུ་ཞབས་ཙུང་ལི་ཐེངས་འདིར་འཚམས་འདྲིར་ཡོང་ནས། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་བར་སྲོལ་རྒྱུན་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ་དང་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་པའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་གལ་ཆེན་བྱུང་། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཞི་ལའི་གྲོས་ཁང་བར་གྱི་མཛའ་མཐུན་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། རིམ་པ་སོ་སོའི་མཛའ་མཐུན་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་། དམངས་གཙོ་ཁྲིམས་ལུགས་འཛུགས་སྐྲུན་སོགས་ཕྱོགས་ཀྱི་ཉམས་མྱོང་བརྗེ་རེས་བྱེད་པར་ཤུགས་བསྣན་ཏེ། ཀྲུང་གོ་དང་ཞི་ལའི་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བར་བྱས་རྗེས་བཟང་བོ་འཇོག་འདོད་ཡོད་ཟེར།

    སཱ་མ་ལ་སི་ཡིས་ཕྱོགས་གཉིས་ཀྱི་གྲོས་ཁང་གི་བརྗེ་རེས་དང་ཞི་ལ་དང་ཀྲུང་གོའི་བར་འབྲེལ་འདྲིས་བྱེད་པའི་ཐབས་ལམ་གལ་ཆེན་ཡིན་ལ། ཞི་ལས་རྒྱལ་ཁབ་གཉིས་ཀྱི་གྲོས་ཁང་གིི་བརྗེ་རེས་ཇེ་ཟབ་ཏུ་བཏང་ནས། ཞི་ལ་དང་ཀྲུང་གོའི་འབྲེལ་བ་སྔར་ལས་གོང་འཕེལ་དུ་འགྲོ་བར་ཡར་སྐུལ་བྱེད་འདོད་ཡོད་ཅེས་བཤད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག