མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱི་ལྷོ་ཕྱོགས་ས་ཁུལ་དུ་ཆར་བའི་གནོད་འཚེ་ཚབས་ཆེན་ཐེབས་ནས་མི་སོ་གསུམ་རྐྱེན་ལམ་དུ་ཤོར་བ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-18 12:21

    ཞིན་ཧྭ་གསར་འགྱུར་དྲ་བའི་འཕྲིན། ཟླ་ལྔ་བའི་ཚེས་བཅུ་བཞི་ཉིན་གྱི་རྗེས་སུ། རང་རྒྱལ་གྱི་ལྷོ་ཕྱོགས་ས་ཁུལ་དུ་ཆར་བ་དྲག་པོ་བབས་ཏེ་ཆུ་ལོག་བརྒྱུགས་པ་དང་རི་ཉིལ་བ་སོགས་ཀྱི་གནོད་འཚེ་ཚབས་ཆེན་ཐེབས་ནས། ཚེས་བཅུ་དྲུག་ཉིན་གྱི་དགོང་མོའི་དུས་ཚོད་བརྒྱད་བར་དུ་ཀོང་ཏུང་དང་ཀོང་ཞི། ཧུའུ་ནན། ཧུའུ་པེ། ཧྥུའུ་ཅན། ཅང་ཞི། ཨན་ཧོས། ཁྲུང་ཆིན། ཟི་ཁྲོན། ཀོས་ཀྲིག་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅུ་ནས་མི་སོ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། ཧུའུ་ནན་ཞིང་ཆེན་དུ་ཁང་བ་གྱན་བརྒྱད་ཅུ་ལྷག་བརྡིབས་ཤིང་གློག་སྡོང་དང་སྡོང་བོ་གང་མང་ཞིག་བརྫོགས།

    ཀོང་ཏུང་ཞིང་ཆེན་གྱི་ཧྲའོ་ཀོན་དང་ཆིན་ཡོན། ཀོང་ཀྲིག་སོགས་གྲོང་ཁྱེར་བདུན་གྱི་རྫོང་ཁག་ཉེར་དྲུག་ལ་གནོད་འཚེ་ཚབས་ཆེན་ཐེབས་ནས་མང་ཚོགས་ཁྲི་གསུམ་དང་སྟོང་དྲུག་ལྷག་མྱུར་དུ་གནས་སྤར་ནས་བཀོད་སྒྲིག་བྱས། ཀོང་ཀྲིག་ཞིང་ཆེན་དུ་ཆར་བ་དྲག་པོ་བབས་པར་དམིགས་ཏེ། རྒྱལ་ཁབ་གནོད་སེལ་རྒུད་སྐྱོབ་བྱ་བའི་ཨུ་ཡོན་ལྷན་ཁང་དང་དམངས་སྲིད་པུའུ་གཉིས་ཀྱིས་ཚེས་བཅུ་དྲུག་ཉིན་གྱི་དགོང་མོར་བྲེལ་མྱུར་གྲོས་ཚོགས་བསྡུས་པ་དང་། གནོད་འཚེ་ཐེབས་སར་བྱ་བའི་ཚན་ཁག་མངགས་ནས་གནོད་སེལ་རྒུད་སྐྱོབ་བྱ་བར་མཛུབ་སྟོན་བྱས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག