མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་དབྱང་ཏང་གི་སློབ་གྲྭས་ཉིས་སྟོང་བཅུ་གསུམ་ལོའི་དཔྱིད་ཀའི་སློབ་སྐབས་ཀྱི་སྐོར་ཐེངས་གཉིས་པའི་སློབ་མ་སློབ་གྲྭར་ཞུགས་པའི་མཛད་སྒོ་བསྡུས་པ་དང་ལིག་ཡུན་ཧྲན་མཛད་སྒོར་ཞུགས་ནས་གསུངས་བཤད་གནང་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-17 11:23

01.jpg

  ཀྲུང་དབྱང་དབྱང་ཏང་གི་སློབ་གྲྭས2013ལོའི་དཔྱིད་ཀའི་སློབ་སྐབས་ཀྱི་སྐོར་ཐེངས་གཉིས་པའི་སློབ་མ་སློབ་གྲྭར་ཞུགས་པའི་སློབ་མགོ་རྩོམ་པའི་མཛད་སྒོ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་ལིག་ཡུན་ཧྲན་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གསུངས་བཤད་གནང་བ།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭས་སྤྱི་ཟླ5བའི་ཚེས16ཉིན། ཉིས་སྟོང་བཅུ་གསུམ་ལོའི་དཔྱིད་ཀའི་སློབ་སྐབས་ཀྱི་སྐོར་ཐེངས་གཉིས་པའི་སློབ་མ་སློབ་གྲྭར་ཞུགས་པའི་སློབ་མགོ་རྩོམ་པའི་མཛད་སྒོ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་ལིག་ཡུན་ཧྲན་སློབ་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གསུངས་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཀུན་སྤྱོད་འཛུགས་སྐྲུན་ནི་ཏང་གི་འཛུགས་སྐྲུན་གྱི་ཡུན་རིང་གི་གྲོས་གཞི་ཞིག་ཡིན་པ་དང་ཀུན་སྤྱོད་གནད་དོན་ལ་གཤིས་འགྱུར་རང་བཞིན་དྲག་པོ་ལྡན་པས་ཀུན་སྤྱོད་ལེགས་བསྒྱུར་བྱ་བ་ལྷོད་གཡེང་ཏུ་མི་གཏོང་བར་ཀྲུང་དབྱང་གི་རེ་བ་ནན་ཏན་སྒོས་ལག་བསྟར་བྱས་ཏེ་ཀུན་སྤྱོད་ལེགས་བསྒྱུར་བྱ་བ་དམ་འཛིན་བྱེད་དགོས་ཞེས་གསུངས།

   ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། ཀུན་སྤྱོད་བཟང་བོ་ནི་གཟབ་ནན་སྒོས་ཏང་བཅོས་སྐྱོང་བྱེད་པའི་ཁྲོད་དུ་བཞེངས་སྐྲུན་བྱེད་པ་དང་། ཀུན་སྤྱོད་བྱ་བ་ནན་ཏན་སྒོས་དམ་འཛིན་བྱེད་པ་དང་རང་རྟོགས་སྒོས་ཀུན་སྤྱོད་བསྒྱུར་བཅོས་བྱས་ན། རང་ཉིད་བསྒྱུར་བཅོས་དང་རང་སྟེང་གི་བྱང་ཚད་དེ་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་ཐུབ་པ་དང་། ཐོག་མཐའ་བར་གསུམ་དུ་ཏང་གི་སྔོན་ཐོན་རང་བཞིན་དང་ཡང་དག་རང་བཞིན་སྲུང་འཛིན་བྱེད་ཐུབ་པར་མ་ཟད། མི་དམངས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཐུབ་ཅེས་གསུངས།

  ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་དང་ཀྲུང་དབྱང་ཏང་གི་སློབ་གྲྭའི་འགན་ཁུར་མི་སྣ། སློབ་གྲྭའི་སློབ་མ་དང་དགེ་བཟོ་བ་སོགས་མི900ལྷག་ཐེངས་འདིའི་མཛད་སྒོར་ཞུགས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག