སྤྱི་ཟླ5བའི་ཚེས16ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཞི་ལའི་ཙུང་ལི་ས་མཱ་ལ་སི་དང་གྲོས་མོལ་མཛད། གྲོས་མོལ་གྱི་སྔོན་ལ། ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་ནས་མཛད་སྒོ་བསྡུས་ཏེ་ཙུང་ལི་ས་མ་ལ་སིར་དགའ་བསུ་ཞུས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ5བའི་ཚེས16ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་ནས་ཞི་ལའི་ཙུང་ལི་ས་མ་ལ་སིར་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་རྗེས། ཙུང་ལི་ས་མ་ལ་སི་དང་གྲོས་མོལ་མཛད།
ལིས་ཁི་ཆང་གིས་གསུང་རྒྱུར། ཀྲུང་གོ་དང་ཞི་ལ་རྒྱལ་ཁབ་གཉིས་ནི་ཤར་ཕྱོགས་དང་ནུབ་ཕྱོགས་དཔལ་ཡོན་ཀྱི་ཕུལ་བྱུང་འཐུས་ཚབ་ཡིན་པས། འཛམ་གླིང་འཕེལ་རྒྱས་དང་ཡར་ཐོན་ཐད་ལ་བྱས་རྗེས་གལ་ཆེན་བཞག་ཡོད། ཀྲུང་གོ་དང་ཞི་ལའི་བར་ཕྱི་ཕྱོགས་འབྲེལ་བ་བཙུགས་ནས་ལོ་འཁོར་ཞེ་གཅིག་གི་རིང་ལ། རྒྱལ་ཁབ་གཉིས་ཀྱིས་ཆབ་སྲིད་ཐད་ནས་ཕན་ཚུན་ལ་ཡིད་ཆེས་དམ་པོ་བྱེད་པ་དང་། དངོས་གཉེར་མཉམ་ལས་དང་འཕེལ་རྒྱས་ཐད་ལ་གྲུབ་འབྲས་གཡུར་ཟ་བ་བླངས་ཡོད། ཀྲུང་གོས་དུས་དང་རྣམ་པ་ཀུན་དུ་ཞི་ལ་རྒྱལ་ཁབ་དེ་ཀྲུང་གོའི་བློ་གཏད་ཆོག་པའི་གྲོགས་པོ་བཟང་བོ་ཞིག་ཏུ་བརྩིས་ནས། འདྲ་མཉམ་དང་ཕན་ཚུན་ལ་ཡིད་ཆེས་བྱེད་པ། གཉིས་ཕན་མཉམ་རྒྱལ་གྱི་རྩ་དོན་གཞིར་བཟུང་སྟེ། མཉམ་ལས་ཀྱི་སྦས་ཤུགས་མུ་མཐུད་སྔོག་འདོན་བྱེད་པ་དང་། མཉམ་དུ་འགྲན་རྩོད་ལ་ཁ་གཏད་འཇལ་ཏེ། ཀྲུང་གོ་དང་ཞི་ལ་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་བཏང་སྟེ། དཔལ་ཡོན་ལྡན་པའི་གནའ་བོའི་རྒྱལ་ཁབ་ཆེན་པོ་གཉིས་དཔལ་ཡོན་སྣ་མང་ཅན་གྱི་འཛམ་གླིང་མཉམ་ལས་ཀྱི་མིག་དཔེ་ཞིག་ཏུ་བསྒྱུར་འདོད་ཡོད་ཟེར། །