སྤྱི་ཟླ5བའི་ཚེས16ཉིན། ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་ནས་མཛད་སྒོ་བསྡུས་ཏེ། ཞི་ལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་ཨན་ཏུང་ཉི་སི་ས་མཱ་ལ་སི་རང་རྒྱལ་ལ་དངོས་གཞིའི་འཚམས་འདྲི་ཡོང་བར་དགའ་བསུ་ཞུས་པ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྤྱི་ཟླ5བའི་ཚེས16ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་ནས་མཛད་སྒོ་བསྡུས་ཏེ། ཞི་ལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་ཨན་ཏུང་ཉི་སི་ས་མཱ་ལ་སི་རང་རྒྱལ་ལ་དངོས་གཞིའི་འཚམས་འདྲི་ཡོང་བར་དགའ་བསུ་ཞུས།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིས་ཧེ་ཧྥུན་སོགས་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས།
ས་མཱ་ལ་སི་དང་མཉམ་དུ་ཀྲུང་གོར་འཚམས་འདྲིར་ཡོང་བར་ཕྱི་འབྲེལ་པུའུ་ཀྲང་དང་། འཕེལ་རྒྱས་དང་རྨང་གཞིའི་སྒྲིག་ཆས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཀྲང་སོགས་ཡོད།
ལིས་ཁི་ཆང་དང་ས་མཱ་ལ་སི་གཉིས་ཀྱིས་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་སྐམ་མཚོ་མཁའ་གསུམ་དམག་དཔུང་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་མཛད།
ས་མཱ་ལ་སི་ནི་ལིས་ཁི་ཆང་གིས་གདན་དྲངས་པ་ལྟར་རང་རྒྱལ་ལ་དངོས་གཞིའི་འཚམས་འདྲིར་ཡོང་བ་ཡིན་ལ། དེ་ནི་ཁོ་རང་གིས་ཙུང་ལིའི་འགན་འཁུར་རྗེས་ཐེངས་དང་པོར་ཀྲུང་གོར་འཚམས་འདྲི་གནང་བའང་ཡིན། འཚམས་འདྲི་བྱེད་སྐབས་ས་མཱ་ལི་སི་ད་རུང་ཐའེ་ཧུའུ་རིག་གནས་གླེང་སྟེགས་སྐབས་གཉིས་པའི་ལོ་ཚོགས་ཀྱི་མགོ་རྩོམ་པའི་མཛད་སྒོར་ཞུགས་རྒྱུ་རེད། །