མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཤིན་ཅང་མི་རིགས་ཁག་གི་ལས་བྱེད་པས་དཀའ་བ་སྤྱད་དེ་བདེ་སྐྱིད་བརྩོན་ལེན་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-17 11:22

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཤིང་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་ཤིན་ཅང་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལ་གཞིགས་ཏེ། ན་ནིང་ནས་འགོ་ཚུགས་ནས། རིམ་ཁག་ལས་བྱེད་པ་གཞི་རིམ་དུ་ཟབ་སྐྱོད་དང་། ལས་ཀའི་སྤྱོད་ཚུལ་བསྒྱུར་བ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་བྱེད་སྒོ་སྤེལ་བ་དང་། ལས་བྱེད་པ་ཁྲི་ཕྲག་མང་པོ་གྲོང་ཚོར་བཅའ་སྡོད་བྱས་ནས། མང་ཚོགས་ལ་ཐད་ཀར་འབྲེལ་གཏུགས་དང་ཞབས་ཞུ་བྱས་པ་དང་། མང་ཚོགས་ཀྱིས་དགོས་མཁོ་ཆེ་ཤོས་ཀྱི་ས་ནས་འགོ་ཚུགས་ཏེ་ལས་དོན་སྒྲུབ་པ་དང་། མང་ཚོགས་ནས་བློ་ཡིད་མི་ཚིམ་པའི་ས་ནས་བསྒྱུར་བཅོས་བྱས་པ་བཅས་ནུས་ཤུགས་ཡོད་རྒུ་བཏོན་ནས་མང་ཚོགས་ཀྱི་དཀའ་ངལ་དངོས་ཐག་གཅོད་བྱས་པ་དང་། རང་ཉིད་ཀྱི་དཀའ་སྤྱད་ལ་བརྟེན་ནས་མང་ཚོགས་ཀྱི་བདེ་སྐྱིད་བརྩོན་ལེན་བྱས་ཡོད།

ད་ལོའི་ལོ་སྟོད་དུ། ཤིན་ཅིང་གིས་དབུལ་སྐྱོར་གསར་སྤེལ་གཙོ་གནད་གྲོང་ཚོ3100དང་གཅིག་བསྡུས་བཅོས་སྒྲིག་ས་ཚིགས779གཏན་འཁེལ་བྱས་ཡོད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས། དབུལ་སྐྱོར་གསར་སྤེལ་གཙོ་གནད་གྲོང་ཚོ་ཚང་མར་ལས་དོན་ཚོགས་ཆུང་མངག་གཏོང་བྱེད་དགོས་པ་དང་། ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་རྫོང་དང་ཁྲུའུ་རིམ་པ་དང་། ཤང་དང་ཁེ་རིམ་པའི་འགོ་ཁྲིད་ཀྱིས་འགན་ཁུར་དགོས་པ་དང་། ལས་དོན་རུ་ཁག་གིས་མང་ཚོགས་དང་མཉམ་བཟའ་མཉམ་འཐུང་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔའི་བར་སླེབས་དུས། རང་སྐྱོང་ལྗོངས་ཐད་གཏོགས་ལས་ཁུངས་དང་ས་ཁུལ་དང་གྲོང་ཁྱེར་ཁག་གིས་ཁྱོན་དབུལ་སྐྱོར་གསར་སྤེལ་གྱི་ལས་དོན་ཚོགས་ཆུང3298དང་གཅིག་བསྡུས་བཅོས་སྒྲིག་ལས་དོན་ཚོགས་ཆུང838གཤམ་གཏོང་བྱས་ཟིན་པ་དང་། སྤྱིའི་མི་འབོར་ཁྲི་ལས་བརྒལ་བ་དང་ལོ་སྟོད་ཀྱི་འཆར་གཞི་ལས་བརྒལ་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག