ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱི་ཟླ5བའི་ཚེས16ཉིན་གནས་སྐོར་བཅའ་ཁྲིམས་ལག་ལེན་མཐར་ཕྱིན་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས།
ཚོགས་ཐོག་ནས་བསྟན་དོན། གནས་སྐོར་བཅའ་ཁྲིམས་དེ་ད་ལོའི་སྤྱི་ཟླ10བའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཡིན་པས། དེ་ནི་རང་རྒྱལ་གྱི་གནས་སྐོར་ལས་རིགས་འཕེལ་རྒྱས་ཁྲོད་ཀྱི་དོན་དག་གལ་ཆེན་ཞིག་ཡིན་པར་མ་ཟད། གནས་སྐོར་ལས་རིགས་རྒྱུན་མཐུད་དང་བདེ་བླག་ངང་འཕེལ་རྒྱས་སུ་གཏོང་བར་ལམ་ལུགས་ཀྱི་རྨང་གཞི་གལ་ཆེན་བཏིང་།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། གནས་སྐོར་བཅའ་ཁྲིམས་ལག་ལེན་མཐར་ཕྱིན་བྱེད་པ་ནི་ཁྱོན་ཡོངས་དང་ཡུན་རིང་ལ་འབྲེལ་བ་ཡོད་པའི་རྒྱུད་རིམ་རང་བཞིན་གྱི་བྱ་བ་ཞིག་ཡིན་ལ། རིམ་པ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་ལས་ཁུངས། སྤྱི་ཚོགས་ཡོངས་བཅས་ཀྱི་ཐུན་མོང་གི་འགན་འཁྲི་ཡང་ཡིན་པས། མྱུར་དུ་དྲིལ་སྒྲོག་དང་གསོ་སྦྱོང་བྱ་བ་བསྒྲུབས་ཏེ། སྤྱི་ཚོགས་ཡོངས་སུ་གནས་སྐོར་བཅའ་ཁྲིམས་ལག་ལེན་མཐར་ཕྱིན་བྱེད་པའི་ཁོར་ཡུག་བཟང་བོ་བསྐྲུན་དགོས་པར་མ་ཟད། ཁྲིམས་འཛིན་ཤུགས་ཚད་ཇེ་ཆེར་བཏང་སྟེ། ཁྲིམས་བརྩི་སྲུང་བྱེད་པ་དང་ཁྲིམས་ལག་བསྟར་ནན་མོ་བྱེད་པ། ཁྲིམས་འགལ་ལ་རྩད་གཅོད་ནན་མོ་བྱེད་དགོས་ཤིང་། སྤྱི་པའི་ཞབས་ཞུའི་བྱ་བ་ཧུར་ཐག་སྒོས་འཐུས་ཚང་དུ་བཏང་སྟེ། གནས་སྐོར་བར་དུས་ཐོག་ཏུ་དགོས་ངེས་དང་ཕན་ནུས་ལྡན་པའི་རོགས་སྐྱོར་བྱེད་དགོས་ཟེར། །