མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཀའོ་ལེ་ཡིས་ནང་སོགས་རང་སྐྱོང་ལྗོངས་ཀྱི་བྱ་བར་རྟོག་ཞིབ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-16 11:01

01.jpg

  སྤྱི་ཟླ5བའི་ཚེས13ཉིན་ནས་ཚེས14ཡི་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལེ་ཡིས་ནང་སོགས་རང་སྐྱོང་ལྗོངས་ཀྱི་བྱ་བར་རྟོག་ཞིབ་བྱས། པར་འདི་ནི་སྤྱི་ཟླ5བའི་ཚེས14ཡི་ཉིན། ཀྲང་ཀའོ་ལེ་ཨིག་ཨར་ཏོ་ཟི་བལ་ཁུལ་སྡེ་ཚོགས་སུ་ཕེབས་ནས་བྱ་བར་རྟོག་ཞིབ་བྱེད་སྐབས་བུད་མེད་ལས་བཟོ་བ་དང་གླེང་མོལ་བྱས་ནས་ཁོ་ཚོའི་བྱ་བ་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱེད་བཞིན་པའི་ཚུལ་རེད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ5བའི་ཚེས13ཉིན་ནས་ཚེས14ཡི་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་གི་གཞོན་པ་ཀྲང་ཀའོ་ལེ་ནང་སོག་རང་སྐྱོང་ལྗོངས་སུ་ཕེབས་ནས་བྱ་བར་རྟོག་ཞིབ་བྱས། ཁོང་གིས་དཔལ་འབྱོར་འཁོར་སྐྱོད་དང་སྒྲིག་གཞི་སྙོམས་སྒྲིག ཁོར་ཡུག་སྲུང་སྐྱོབ་སོགས་ཕྱོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་པར་མ་ཟད་ཁེ་ལས་ཀྱི་འགན་ཁུར་མི་སྣ་དང་ཚན་རིག་ལག་རྩལ་ཐད་ཀྱི་མི་སྣ་བཅས་ལ་གཏིང་ཟབ་པའི་སྒོ་ནས་བརྗེ་རེས་བྱས། ཚེས13ཉིན་གྱི་དགོང་མོ་ཁོང་གིས་མགོ་འཛིན་མཛད་དེ་ཁེ་ལས་སྐོར་ཞིག་གི་འགན་ཁུར་མི་སྣ་དང་མཉམ་དུ་བཞུགས་མོལ་ཚོགས་འདུ་བསྡུས་ནས་དཔལ་འབྱོར་རྒྱུན་སྲིང་དང་སྐྱོན་བྲལ་བའི་ངང་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱེད་པའི་སྐོར་གྱི་བསམ་འཆར་དང་གྲོས་གཞི་ལ་ཉན།

  ཀྲང་ཀའོ་ལེ་ཡིས་བསྟན་དོན། ད་ལོར་རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་ཀྱི་སྤྱིའི་གནས་བབ་བརྟན་འཇགས་ཡིན་ནའང་རྒྱལ་ཁབ་ཕྱི་ནང་གི་སྣ་མང་འགྱུར་ལྡོག་ཆེ་བའི་དཔལ་འབྱོར་ཁོར་ཡུག་གི་མདུན་དུ་ངེས་པར་དུ་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་ཟབ་མོ་བྱེད་པ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། དཀའ་ངལ་ཁྱད་གསོད་བྱེད་པ། བྱ་བའི་སྤྱོད་སྟངས་བསྒྱུར་བ་དང་སྒྲིག་གཞི་སྙོམས་སྒྲིག་བྱེད་པ། བརྟན་འཇགས་ཀྱི་ཁྲོད་དུ་འཕར་སྣོན་བརྩོན་ལེན་བྱེད་པ། ཕན་འབྲས་ཇེ་མཐོར་གཏོང་བ་བཅས་བྱས་ཏེ་བྱ་བའི་མགོ་བཟང་བོ་ཞིག་རྩོམ་དགོས་ཞེས་གསུངས།

  ཀྲང་ཀའོ་ལེ་ཡིས་བསྟན་དོན། མི་གཞི་རྩར་འཛིན་པ་རྒྱུན་འཁྱོངས་བྱེད་དགོས་པ་དང་མི་གཞི་རྩར་འཛིན་པ་རྒྱུན་འཁྱོངས་བྱེད་དགོས་ན་ཐོག་མར་མི་དམངས་མང་ཚོགས་ཀྱི་བདེ་ཐང་ཡིད་ལ་གསལ་བོར་དྲན་དགོས་པ་དང་། མི་དམངས་མང་ཚོགས་ཀྱི་བདེ་ཐང་འགན་སྲུང་བྱེད་དགོས་ན་ཐོག་མར་ངེས་པར་དུ་ཁོར་ཡུག་གི་ཐོན་ཁུངས་སྐྱེ་ཁམས་སྲུང་སྐྱོབ་ལེགས་པོ་བྱེད་དགོས་ཤིང་། མི་དམངས་མང་ཚོགས་ཀྱིས་སེམས་ཁུར་བྱེད་བཞིན་པའི་གནད་དོན་རེ་རེ་བཞིན་ཐག་གཅོད་ལེགས་པོ་བྱས་ནས་མི་རབས་རྗེས་མར་བདེ་སྐྱིད་བསྐྲུན་དགོས་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་དགོས་ཞེས་གསུངས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག