མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་ན་གཞོན་འཐུས་མི་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-16 11:01

0.jpg

  སྤྱི་ཟླ5བའི་ཚེས15ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་ན་གཞོན་འཐུས་མི་ལ་མཇལ་འཕྲད་གནང་།

1.jpg

  སྤྱི་ཟླ5བའི་ཚེས15ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་ན་གཞོན་འཐུས་མི་ལ་མཇལ་འཕྲད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྤྱི་ཟླ5བའི་ཚེས15ཉིན་གྱི་ཕྱི་དྲོར་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་ན་གཞོན་འཐུས་མི་ལ་མཇལ་འཕྲད་གནང་།

  མཇལ་འཕྲད་གནང་སྐབས་ལིས་ཁི་ཆང་གིས་རྒྱ་གར་གྱི་ན་གཞོན100ཡི་གྲུབ་པའི་འཐུས་ཚབ་ཚོགས་པ་རང་རྒྱལ་དུ་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས་པར་མ་ཟད། ཀྲུང་གོ་དང་རྒྱ་གར་གྱི་ན་གཞོན་འཐུས་ཚབ་ཚོགས་པར་བརྩེ་བའི་ཕྱག་འཇུ་གནང་ཞོར་དུ་གླེང་མོལ་མཛད། ལིས་ཁི་ཆང་གིས་རྒྱ་གར་ཕྱོགས་ཀྱི་འཐུས་ཚབ་ཚོགས་པའི་ཚོགས་གཙོས་ཐེངས་འདིའི་འཚམས་འདྲིའི་མྱོང་ཚོར་བཤད་པར་ཉན་རྗེས་གསུངས་རྒྱུར། ཁོ་རང་མི་འགྱངས་བར་རྒྱ་གར་ལ་འཚམས་འདྲིར་འགྲོ་བའི་སྐབས་སུ་རྒྱ་གར་གྱི་ན་གཞོན་གྲོགས་པོ་རྣམས་ལ་ཐུག་འཕྲད་བྱས་པར་ཧ་ཅང་དགའ་སྤྲོ་སྐྱེས་པ་ཡིན་ཟེར། ཁོང་གིས་འཐུས་ཚབ་ཚོགས་པ་བརྒྱུད་ནས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་རྒྱ་གར་གྱི་མི་དམངས་ཡོངས་དང་ལྷག་པར་དུ་ན་གཞོན་གྲོགས་པོ་རྣམས་ལ་བརྩེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས།

  ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་ཕུགས་འདུན་དང་འདུན་པ་ཆེན་པོ་ཡོད་པའི་ན་གཞོན་རྣམས་ཀྱིས་ཀྲུང་གོ་དང་རྒྱ་གར་བར་གྱི་འབྲེལ་བའི་དོན་སྙིང་གལ་ཆེན་དང་རྒྱང་རིང་གི་འཐབ་ཇུས་དོན་སྙིང་ལ་ངོས་ཟིན་གསལ་བོ་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཕུན་སུམ་ཚོགས་པའི་ལོ་རྒྱུས་སྲོལ་རྒྱུན་རིག་གནས་ཁྲོད་དུ་བློ་གྲོས་དང་སྤོབས་པ་ནང་འདྲེན་བྱས་ཏེ། ཀྲུང་གོ་དང་རྒྱ་གར་གྱི་མཛའ་མཐུན་མཉམ་ལས་ཁྲོད་དུ་ཞུགས་མཁན་དང་ནུས་ཡོད་སྐུལ་འདེད་མཁན་བྱེད་དགོས། རེ་འདུན་དེ་དོན་དངོས་སུ་བསྒྱུར་དགོས་ན་ན་གཞོན་བར་གྱི་འབྲེལ་འདྲིས་ལ་རྨང་གཞི་བརྟན་པོ་འདིང་དགོས་པ་དང་། རྒྱལ་ཁབ་གཉིས་ཀྱི་ན་གཞོན་རྣམས་ཀྱིས་གོ་སྐབས་ཡོད་ཚད་དམ་འཛིན་བྱས་ཏེ་བརྗེ་རེས་དང་མཉམ་ལས་བཟང་བོ་བྱས་ནས། ཀྲུང་གོ་དང་རྒྱ་གར་བར་གྱི་མཛའ་མཐུན་འབྲེལ་བའི་ལས་དོན་སྔར་ལས་གོང་འཕེལ་དུ་གཏོང་དགོས་ཟེར།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག