མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སའི་གསར་འགྱུར་ལས་ཁུངས་ཀྱིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་དང་ཡར་སྐུལ་གྱི་ནུས་པ་དར་སྤེལ་བྱེད་པའི་གྲོས་འདོན་བྱ་འགུལ་སྤེལ་བ་ཧུར་ཐག་སྒོས་དང་ལེན་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-16 11:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་གསར་འགོད་པའི་མཐུན་ཚོགས་དང་། ཀྲུང་དབྱང་གསར་འགྱུར་ལས་ཁུངས་གཙོ་བོ། གསར་འགྱུར་དྲ་ཚིགས་གཙོ་བོ་ཁ་ཤས། རྒྱལ་སའི་གསར་འགྱུར་ལས་ཁུངས་བཅས་ཀྱིས་མཉམ་དུ་བསྒྲུབས་པའི་སྤྱི་ཚོགས་ཀྱི་འགན་འཁྲིའི་བསམ་པ་དྲག་པོ་བཅངས་ཏེ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་དང་ཡར་སྐུལ་གྱི་ནུས་པ་དར་སྤེལ་བྱེད་པའི་གྲོས་འདོན་བྱ་འགུལ་དེར་གསར་འགྱུར་ལས་ཁུངས་སོ་སོས་ཧུར་ཐག་སྒོས་དང་ལེན་བྱས་ནས། ཕན་འབྲས་བཟང་བོ་ཐོབ།

ཀྲུང་དབྱང་གསར་འགྱུར་ལས་ཁུངས་གཙོ་བོས་བྱེད་ཐབས་སྣ་ཚོགས་སྤྱད་དེ་བཞུགས་མོལ་ཚོགས་འདུ་དང་གསོ་སྦྱོང་འཛིན་གྲྭ་བསྒྲུབས་ནས་གསར་འགོད་པའི་སྤྱི་ཚོགས་ཀྱི་འགན་འཁྲི་ལྷུག་པོར་བརྗོད། གསར་འགྱུར་ལས་ཁུངས་ཀྱིས་ད་རུང་གསར་འགྱུར་གྱི་ནང་དོན་གཙོ་བོ་འཆར་འགོད་བྱས་ཏེ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་དང་ཡར་སྐུལ་གྱི་ནུས་པ་དར་སྤེལ་བྱེད་པར་འབད་བརྩོན་བྱས།

གྲོས་འདོན་བྱ་འགུལ་སྤེལ་བ་བརྒྱུད་དེ། རྒྱ་ཆེའི་རྩོམ་སྒྲིག་པ་དང་གསར་འགོད་པས་གསར་འགྱུར་བྱ་བ་སྒྲུབ་པའི་སྤྱི་ཚོགས་ཀྱི་འགན་འཁྲིར་ངོས་འཛིན་སྔར་ལས་ཟབ་མོ་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག