མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་ཐེ་ཝན་གྱི་དམག་ཁོངས་ནས་ཕྱིར་བུད་པའི་དམག་དཔོན་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-16 10:39

de0c07a40fb39f77fea494de3f87c351.jpg

  སྤྱི་ཟླ5བའི་ཚེས14ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་པེ་ཅིན་ནས་མནའ་འབྲེལ་གསར་བའི་ཚོགས་པའི་ཚོགས་གཙོ་ཞུའུ་ལེ་ནོང་གིས་ཁྲིད་པའི་ཐེ་ཝན་གྱི་དམག་ཁོངས་ནས་ཕྱིར་བུད་པའི་དམག་དཔོན་སོགས་ལ་མཇལ་འཕྲད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་སྤྱི་ཟླ5བའི་ཚེས14ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་མནའ་འབྲེལ་གསར་བའི་ཚོགས་པའི་ཚོགས་གཙོ་ཞུའུ་ལེ་ནོང་གིས་ཁྲིད་པའི་ཐེ་ཝན་གྱི་དམག་ཁོངས་ནས་ཕྱིར་བུད་པའི་དམག་དཔོན་སོགས་ལ་མཇལ་འཕྲད་གནང་།

  མཇལ་འཕྲད་གནང་སྐབས་ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། སྐབས་གསར་བའི་ཀྲུང་གུང་ཀྲུང་དབྱང་གི་མགོ་ཁྲིད་ཐུན་མོང་གིས་བློ་བརྟན་འགྱུར་མེད་སྒོས་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་འཕེལ་རྒྱས་སུ་འགྲོ་བ་དང་མེས་རྒྱལ་གྱི་ཞི་བའི་གཅིག་གྱུར་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླ་ལ་བདེ་སྐྱིད་བསྐྲུན་ངེས་ཡིན་ཟེར།

  ཞུའུ་ལེ་ནོང་གིས་མུ་མཐུད་དུ་མཚོ་འགག་འགྲམ་གཉིས་ཀྱི་དམག་དོན་བདེ་འཇགས་ཡིད་ཆེས་ནང་རྐྱེན་འཛུགས་པ་དང་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཐད་ལ་འབད་བརྩོན་བྱེད་འདོད་ཡོད་པའི་ཚུལ་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག