མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཤི་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་བར་སྣང་ཁམས་ཀྱི་ཚན་རིག་འཚོལ་ཞིབ་ཐིག་ལེན་ཚོད་ལྟ་ཐེངས་གཅིག་བྱས།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-16 10:39

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་སྤྱི་ཟླ5བའི་ཚེས14ཉིན་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་རྒྱལ་ཁབ་བར་ཁམས་ཚན་རིག་ལྟེ་གནས་ནས་ཤེས་རྟོགས་བྱུང་གསལ། སྤྱི་ཚེས13ཉིན་གྱི་ཆུ་ཚོད21ཡས་མས་སུ་རང་རྒྱལ་ཚན་རིག་མཁས་པས་ཤི་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་བར་སྣང་ཁམས་ཀྱི་ཚན་རིག་འཚོལ་ཞིབ་ཐིག་ལེན་ཚོད་ལྟ་ཐེངས་གཅིག་བྱས་ཡོད་པ་དང་། རང་རྒྱལ་གྱིས་རང་བདག་བར་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་སྤེལ་ཆེད་དུ་རྩ་ཆེའི་གྲངས་གཞི་གསོག་འཇོག་བྱས་ཡོད་པ་རེད།

ད་ཐེངས་ཀྱི་ཚོད་ལྟ་དེས་བར་སྣང་ཁམས་སུ་མཁའ་བསྐྱོད་མེ་ཤུགས་འཕུར་མདེལ་བེད་སྤྱད་དེ་ལེང་ལིའོར་འཚོལ་བྱེད་ལྕགས་མདའ་དང་། ནུས་མཐོའི་རིལ་རྡུལ་བརྟག་ཞིབ་ཡོ་བྱད། ཁབ་ལེན་དྲག་ཚད་རྩིས་ཆས་སོགས་རྣམ་པ་སྣ་ཚོགས་ཀྱི་ཚན་རིག་འཚོལ་ཞིབ་ཚད་ལེན་གྱི་ནུས་ལྡན་ཐེག་ཚད་སྒྲིག་ཆས་སྤྱད་པ་བརྒྱུད་དེ། གློག་གྱེས་བང་རིམ་དང་ས་ཉེའི་བར་ཁམས་ཀྱི་ནུས་མཐོའི་རིལ་རྡུལ། ཁབ་ལེན་ར་བའི་དྲག་ཚད་དང་གྲུབ་ཆའི་ཐད་ལ་རང་གནས་འཚོལ་ཞིབ་ཐིག་ལེན་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག