མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཚོང་རྟགས་ཆུང་གྲས་ཁག་ཅིག་གི་ཁྲུས་རྫས་ལས་རིགས་ཀྱི་ཚད་གཞི་དང་མཐུན་གྱི་མེད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-16 10:39

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་ཁྲུས་རྫས་མཁོ་ཆས་བཟོ་ལས་མཐུན་ཚོགས་ཀྱིས་ཉིན་ཤས་གོང་ཁྲོམ་རའི་ཐོག་གི་ཉིང་བསྡུས་ཁྲུས་རྫས་སྣེ་རིགས50ལ་འཐེན་ཞིབ་བྱས་པའི་མཇུག་འབྲས་ཁྱབ་བསྒྲགས་བྱས་པ་དང་། དེའི་ཁྲོད་མ་དཔེ་ཕྱེད་ཀ་ཙམ་ལས་རིགས་ཀྱི་ཚད་གཞི་དང་མཐུན་གྱི་མེད། ཀྲུང་གོའི་ཁྲུས་རྫས་མཁོ་རྫས་བཟོ་ལས་མཐུན་ཚོགས་ཀྱི་ལས་འཛིན་དཔོན་ཀྲེང་ཝུའུ་ཧོང་གིས་སྤྱིའི་ཆ་ནས་བརྗོད་ཚེ། ཉིང་བསྡུས་ཁྲུས་རྫས་ཀྱི་མ་དཔེ་ཚད་ལོན་ཚད་ཧ་ཅང་དམའ། ཞིབ་བཤེར་བྱས་པའི་ཁྲུས་རྫས་ཐོན་རྫས30ཁྲོད15ལས་རིགས་ཀྱི་ཚད་གཞི་དང་འཚམས་ཀྱི་ཡོད། ཚད་ལོན་ཚད50%ཡིན། འོན་ཀྱང་གྲགས་ཅན་གྱི་ཚོང་རྟགས་ཚང་མ་ཚད་ལོན་པ་ཤ་སྟག་ཡིན་པ་དང་། ཚད་མ་ལོན་པའི་ཐོན་རྫས་གྲས་སུ་མའེ་ཙན་ཁྲེན་རྟགས་ཅན་དང་ཨའེ་ཁ་ལི་ཅིང་རྟགས་ཅན་སོགས་ཡོད། མ་གཞི་ཉིང་བསྡུས་ཁྲུས་རྫས་འཐེན་ཞིབ་ཚད་ལོན་ཚད50%ལས་ཟིན་གྱི་མེད་རུང་ཀྲེང་ཝུའུ་ཧོང་གིས་ཚད་མ་ལོན་པའི་ཐོན་རྫས་ཀྱིས་ཁྲོམ་རའི་ཐོག10%ལས་ཟིན་གྱི་མེད་པས། སྤྱིར་བཏང་བྱས་ན་གྲགས་ཅན་ཚོང་རྟགས་ཀྱི་ཁྲུས་རྫས་བདམས་ཚེ། སྤུས་ཚད་འགན་ལེན་བྱེད་ཐུབ་ཅེས་གསུངས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག