མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

གསར་འགྱུར་གྱི་འགོ་བརྗོད་བཟོ་བཅོས་བྱེད་པ་སོགས་ཀྱི་བྱ་སྤྱོད་བཅོས་སྒྲིག་བྱ་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-16 10:39

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་གིས་ཉེ་ཆར་རྒྱལ་ཡོངས་ཁྱབ་ཁོངས་ནང་དུས་ཡུན་ཟླ་བ་གཉིས་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་བརྒྱུད་སྤེལ་གྱི་སྒྲིག་སྲོལ་ཚད་ལྡན་བཟོ་བའི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུའི་བཀོད་སྒྲིག་བྱས་ཡོད་པ་རེད། རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་གནང་བར། ད་ཐེངས་ཀྱི་ཆེད་དོན་བྱ་སྤྱོད་དེ་ནི་མིག་སྔའི་དྲ་ཚིགས་ཐོག་གསར་འགྱུར་འགོད་སྐབས་ཀྱི་འབུར་དུ་ཐོན་པའི་གནད་དོན་ལ་དམིགས་པ་ཞིག་ཡིན་པ་དང་། གཙོ་གནད་ཐོག་གསར་འགྱུར་ཡོངས་ཁུངས་ཀྱི་མཚོན་རྟགས་ཁ་གསལ་མེད་པ་དང་། གནས་ཚུལ་རྫུན་མ་འགོད་སྤེལ་བྱེད་པ། རྐང་བཙུགས་ནས་གསར་འགྱུར་གྱི་འགོ་བརྗོད་བརྗེ་པོ་རྒྱག་པ། གསར་འགྱུར་ལས་ཁུངས་ཀྱི་མིང་གང་བྱུང་དུ་སྤྱད་ནས་གསར་འགྱུར་འགོད་པ་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་བཅོས་སྒྲིག་བྱ་རྒྱུ་རེད་ཅེས་ངོ་སྤྲོད་གནང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག